མཐུན་རྐྱེན་རོགས་རམ།

ཕྱི་ལོ་ ༢༠༢༡ ལོར་རིགས་ལམ་སློབ་གཉེར་ཁང་གི་སློབ་གཉེར་བའི་གཞུང་ཆེན་བགྲོ་གླེང་ཆེན་མོ་དང་། སློབ་གཉེར་བ་བྱིངས་ནས་དོགས་དྲི་གནང་བཞིན་པ།
IBD students having discussion on the great Treatise of Buddhist philosophy in 2021

གལ་ཏེ་ཁྱེད་ཀྱིས་སློབ་གཉེར་ཁང་ངམ་སློབ་ཕྲུག་སྒེར་ལ་རོགས་སྐྱོར་གནང་འདོད་ཡོད་ཚེ། ང་ཚོས་ཐོག་མར་ཁྱེད་ལ་དགའ་བསུ་ཞུ་རྒྱུ་ཡིན་ལ། སློབ་ཕྲུག་དེའི་གནས་སྟངས་སྐོར་ཁྱེད་ལ་གསལ་བཤད་ཞུ་ངེས་ཡིན། ཁྱེད་ཀྱིས་སློབ་ཕྲུག་གང་རུང་ཞིག་གི་ཤེས་ཡོན་དང། སྡོད་གནས། ཞལ་ལག སྨན་བཅོས། ལག་དངུལ་བཅས་ལ་རོགས་སྐྱོར་གནང་ཆོག་ཅིང་། སློབ་ཕྲུག་དེ་དང་ཁྱེད་གཉིས་ཐད་ཀར་འབྲེལ་བའང་གནང་ཆོག

གལ་ཏེ་ཁྱེད་ཀྱིས་སློབ་གཉེར་ཁང་ངམ་སློབ་ཕྲུག་སྒེར་ལ་རོགས་སྐྱོར་ཇི་ལྟར་གནང་དགོས་མིན་ཞིབ་ཕྲ་མཁྱེན་འདོད་ཡོད་ན། ང་ཚོའི་གློག་འཕྲིན་ email: (ibdoffice@rediffmail.com)བརྒྱུད་ནས་ཐད་ཀར་འབྲེལ་བ་གནང་རོགས་ཞུ།

རིགས་ལམ་སློབ་གཉེར་ཁང་།
Institute of Buddhist Dialectics
McLeod Ganj
Dharamsala
Distt. Kangra,
H.P. – 176215  India

ཁྱེད་ཀྱིས་རོགས་སྐྱོར་གནང་བ་དེས་བོད་ཀྱི་ཐུན་མིན་གྱི་རིག་གཞུང་དང་སྐད་ཡིག ཆོས་ལུགས་བཅས་མི་ཉམས་རྒྱུན་གནས་ཐུབ་པར་ཕན་འབྲས་ཆེན་པོ་ཐོན་ངེས་ཡིན་པ་མ་ཟད། འཛམ་གླིང་འདི་ཉིད་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཏུ་བསྐྲུན་རྒྱུར་ཕྱག་རྗེས་བླ་ན་མེད་པ་ཞིག་འཇོག་ཐུབ་པར་གདོན་མི་ཟ།