༄༅། །བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དུ་དཔྱད་གསུམ་རིགས་པའི་ལམ་ནས་ནང་དོན་རིག་པར་སློབ་སྦྱོང་སྤྲོད་བཞིན་ཡོད་ལ། ད་དུང་སློབ་ཁྲིད་དང་བསླབ་བྱ་ཟུང་འབྲེལ་གྱི་ཐོག་ནས་སློབ་སྦྱོང་སྤྲོད་ཀྱི་ཡོད། དེའི་ཐོག་བོད་ཀྱི་སྐད་ཡིག་བརྡ་སྤྲོད། སྙན་ངག བརྡ་དག་དང་རྩོམ་རིག དེ་བཞིན་དབྱིན་ཡིག གློག་ཀླད་སོགས་ལའང་སློབ་ཁྲིད་གནང་བཞིན་གནང་བཞིན་ཡོད། ཟླ་རེར་བླ་ཆེན་དང་མཁས་དབང་། རིགས་གཅིག་རྐང་འཛིན་གྱི་ཆེད་མཁས་པ་སོགས་གདན་ཞུས་ཀྱིས་བཀའ་སློབ་དང་གསུང་བཤད་སོགས་ཀྱང་གོ་སྒྲིག་ཞུ་བཞིན་ཡོད། ད་དུང་ཚོགས་པ་འདྲ་མིན་ནས་གོ་སྒྲིག་ཞུ་བཞིན་པའི་བགྲོ་གླེང་སོགས་ལའང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་འབུལ་བཞིན་ཡོད། སྐབས་རེར་བོད་ཡིག་ནས་དབྱིན་ཡིག་ཐོག་སྐད་སྒྱུར་གྱི་ཟབ་སྦྱོང་ཡང་འབུལ་བཞིན་ཡོད་པ་མ་ཟད། རྩོམ་རིག་དང་ལོ་རྒྱུས་རིག་པའི་མཁས་དབང་གདན་ཞུས་ཀྱིས་ཟབ་སྦྱོང་འབུལ་བཞིན་ཡོད། མདོར་ན་གནའ་དེང་ཟུང་འབྲེལ་གྱི་ཐོག་ནས་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་འབུལ་བཞིན་ཡོད།

Venerable Geshe Loyang lak discussing Madhyamika with students

A series of pictures of the IBD students debating in the temple courtyard

IBD faculties and students praying

First year students of Prajnaparamita class studying computer in 2015
ནང་དོན་རིག་པའི་སྐོར།
༡༽ བསྡུས་གྲྭ། ཐོག་མར་ནང་དོན་རིག་པར་འཇུག་པའི་ཐབས་ལམ་མམ་ལྡེ་མིག་ལྟ་བུར་གྱུར་པའི་བསྡུས་གྲྭ་དང། གཏན་ཚིགས་རིག་པའི་སྙིང་དོན་བསྡུས་པ་རྟགས་རིགས་ཀྱི་རྣམ་གཞག །ནང་པ་སངས་རྒྱས་པའི་བློའི་རྣམ་གཞག་ཆེས་ཆེར་གསལ་བར་བསྟན་པའི་བློ་རིགས་བཅས་ལ་མཚན་ཉིད་རིག་པའི་འགྲོས་དང་བསྟུན་ནས་སློབ་ཁྲིད་གནང་བཞིན་ཡོད།
༢༽ ཕར་ཕྱིན་ནམ་ཤེར་ཕྱིན་སྐོར། ཤེར་ཕྱིན་གྱི་སྐོར་རྒྱ་འགྲེལ་དང་བོད་འགྲེལ་ཁག་ལ་ལོ་ངོ་དྲུག་གི་རིང་སློབ་གཉེར་བྱེད་བཞིན་ཡོད། ལོ་རེའི་ཟླ་ངོ་གཉིས་ཀྱི་རིང་གཏན་ཚིགས་རིག་པའི་གཞུང་ཚད་མ་རྣམ་འགྲེལ་ལེའུ་དང་པོའི་རྒྱ་འགྲེལ་དང་བོད་འགྲེལ་ཁག་ལ་སློབ་ཁྲིད་གནང་བཞིན་ཡོད། ཕར་ཕྱིན་ཐོན་རྒྱུགས་སྐབས་ཕར་ཕྱིན་ལོ་དྲུག་གི་སློབ་ཚན་ཡོངས་རྫོགས་དང་། ཚད་མ་རྣམ་འགྲེལ་ལེའུ་དང་པོའི་དབུ་ནས་མཇུག་བར་རྒྱུགས་སྤྲོད་འབུལ་དགོས། དེ་ཡང་ཕར་ཕྱིན་འབྲི་རྒྱུགས་བཞི་དང་རྩོད་རྒྱུགས་གཅིག རྣམ་འགྲེལ་འབྲི་རྒྱུགས་གཅིག་དང་རྩོད་རྒྱུགས་གཅིག བློ་རྒྱུགས་བཅས་ཁྱོན་རྒྱུགས་སྤྲོད་གྲངས་བརྒྱད་ལ་རྒྱུགས་ལེགས་པར་འཕྲོད་ན་ཕར་ཕྱིན་རབ་འབྱམས་པའི་ལག་ཁྱེར་འབུལ་བཞིན་ཡོད། ཕར་ཕྱིན་རབ་འབྱམས་པའི་ལག་ཁྱེར་དེ་ནི་རྒྱ་གར་དང་ཕྱི་རྒྱལ་གྱི་ཚད་ལྡན་མཐོ་སློབ་ཁག་གི་B.A. Degree དང་མཉམ་པ་ཡིན།
༣༽ དབུ་མའི་སྐོར། དབུ་མའི་སྐོར་གྱི་རྒྱ་འགྲེལ་དང་བོད་འགྲེལ་ཁག་ལ་ལོ་ངོ་གསུམ་གྱི་རིང་མཚན་ཉིད་རིག་པའི་ལམ་ནས་སློབ་གཉེར་བྱེད་བཞིན་ཡོད་ལ། ལོ་རེའི་ཟླ་ངོ་གཉིས་ཀྱི་རིང་ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་རྩ་འགྲེལ་ཁག་ལའང་མཚན་ཉིད་རིག་པའི་ལམ་ནས་སློབ་ཁྲིད་གནང་བཞིན་ཡོད། དབུ་མ་ཐོན་རྒྱུགས་སྐབས་དབུ་མ་ལོ་གསུམ་གྱི་སློབ་ཚན་ཡོངས་རྫོགས་ལ་རྩོད་རྒྱུགས་གཅིག་དང་འབྲི་རྒྱུགས་གསུམ། ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་དབུ་ནས་མཇུག་བར་རྩོད་རྒྱུགས་གཅིག་དང་འབྲི་རྒྱུགས་གཅིག། བློ་རྒྱུགས་གཅིག་བཅས་རྒྱུགས་སྤྲོད་གྲངས་བདུན་གཏོང་དགོས་ལ། དེ་དག་ལ་རྒྱུགས་སྤྲོད་ལེགས་པར་འཕྲོད་ན་དབུ་མ་རབ་འབྱམས་པའི་ལག་ཁྱེར་འབུལ་གྱི་ཡོད། དབུ་མ་རབ་འབྱམས་པའི་ལག་ཁྱེར་དེ་ནི་རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་ཚད་ལྡན་ཁག་གི་M.A. Degree དང་མཉམ་པ་ཡིན།
༤༽ མངོན་པ་མཛོད་དང་དམ་ཆོས་འདུལ་བའི་སྐོར། མངོན་པ་མཛོད་དང་དམ་ཆོས་འདུལ་བའི་གཞུང་ཆེན་ཁག་དང་ཐེག་པ་ཆེན་པོ་རྒྱུད་བླ་མ་བཅས་ལ་ལོ་ངོ་བཞིའི་རིང་སློབ་ཁྲིད་གནང་བཞིན་ཡོད། ལོ་རེའི་ཟླ་ངོ་གསུམ་གྱི་རིང་སྔ་འགྱུར་རྙིང་མའི་ལྟ་གྲུབ། མཉམ་མེད་བཀའ་བརྒྱུད་ཀྱི་ལྟ་གྲུབ། དཔལ་ས་སྐྱའི་ལྟ་གྲུབ་ཁག་བཅས་ཆོས་བརྒྱུད་སོ་སོའི་བཤད་གྲྭ་ཁག་ཏུ་ཆེད་བསྐྱོད་ཀྱིས་སློབ་ཁྲིད་གནང་བཞིན་ཡོད། ལོ་རེར་རྒྱུགས་སྤྲོད་བཞི་རེ་གཏོང་དགོས་ལ། ལོ་བཞིའི་རིང་རྒྱུགས་སྤྲོད་གྲངས་བཅུ་དྲུག་དང་དེའི་ཐོག་ནང་དོན་རིག་པའི་ཐོག་ཡིག་ཕྲེང་དྲུག་བརྒྱ་ལས་མི་ཉུང་བའི་དཔྱད་རྩོམ་ཞིག་ཀྱང་འབྲི་དགོས། རྒྱུགས་སྤྲོད་གྲངས་བཅུ་དྲུག་དང་ནང་དོན་རིག་པའི་དཔྱད་རྩོམ་བཅས་ལ་རྒྱུགས་ལེགས་པར་འཕྲོད་ན་རིས་མེད་སློབ་དཔོན་ཆེན་པོའི་ལག་ཁྱེར་འབུལ་བཞིན་ཡོད། རིས་མེད་སློབ་དཔོན་ཆེན་མོའི་ལག་ཁྱེར་དེ་ནི་རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་ཚད་ལྡན་ཁག་གི་M.phil. Degree དང་མཉམ་པ་ཡིན།
༥༽ གསང་སྔགས་ཀྱི་སྐོར། རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོ་དང་ས་ལམ་གྱི་རྣམ་གཞག་རྒྱུད་གཞུང་གསལ་བྱེད་གཉིས་ལ་ལོ་ངོ་གཉིས་ཀྱི་རིང་མཚན་ཉིད་རིག་པའི་ལམ་ནས་སློབ་ཁྲིད་གནང་བཞིན་ཡོད། དེ་དང་མཉམ་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་སོགས་ནས་མཁས་དབང་གདན་ཞུས་ཀྱིས་དཀྱིལ་འཁོར་གྱི་ཐིག་ཚོན་དང་ཆོ་ག་ཕྱག་ལེན་བཅས་ལའང་སློབ་ཁྲིད་གནང་བཞིན་ཡོད། ལོ་རེར་རྒྱུགས་སྤྲོད་གསུམ་རེ་སྟེ་ཁྱོན་རྒྱུགས་སྤྲོད་གྲངས་དྲུག་གཏོང་དགོས་ཤིང་དེ་དག་ལ་རྒྱུགས་ལེགས་པར་འཕྲོད་ན་རིས་མེད་དགེ་བཤེས་ཀྱི་ལག་ཁྱེར་འབུལ་བཞིན་ཡོད། རིས་མེད་དགེ་བཤེས་ཀྱི་ལག་ཁྱེར་དེ་ནི་རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་ཚད་ལྡན་ཁག་གི་Ph.D degree དང་མཉམ་པ་ཡིན།
བསླབ་གཞིའི་སྐོར་དང་། ལོ་རེའི་རྒྱུགས་སྤྲོད། ལག་ཁྱེར་བཅས་ཀྱི་སྐོར་རྒྱས་པར་མཁྱེན་འདོད་ན་ཕར་ཕྱིན་གྱི་སློབ་ཚན་དང་དབུ་མའི་སློབ་ཚན་སོགས་ཟུར་དུ་ཡོད་པས་དེར་གཟིགས་པར་ཞུ།

Professor Tsering Shakya giving a talk on Western view of Tibetan history and Buddhism, followed by question and answer session in IBD assembly hall on 5th July 2015.

In the presence of His Holiness the 14th Dalai Lama, the Minister of Department of Religion and Culture (CTA) presents certificates to graduates of the fourth batch of Rime Geshe at the College for Higher Tibetan Studies, Sarah in 2016.

Venerable Pema Tashi, Abbot of Namdroling monastery, who we invited to teach Nyingma Treatise at IBD to the second year students of Rime Lobon class in July 2018

Ninth batch Rime Lobon class went to study Kagyue Treatise at Palpung Sherabling monastery and had an audience with Jamgon Situ Rinpoche in September 2022

Fourth batch of Rime Lobon class with Dzongsar’s Abbot Jamyang Losel, while staying at Dzongsar monastery studying Sakya Treatise

Fourth batch Rime Lobon class with the Abbots of Dzongsar monastery Jamyang Samphel, Kunsang and Gyalpo while studying Sakya Treatise in 2020

