རིགས་སློབ་ཟུར་པ།

༄༅། །བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་འདི་བཙུགས་ནས་ལོ་ངོ་ལྔ་བཅུའི་ནང་སློབ་ཐོན་སྐབས་བཅོ་ལྔ་ཐོན་ཟིན་ཅིང་། དེ་དག་གི་ནང་ཕར་ཕྱིན་ཪབ་འབྱམས་པ་ཐོན་པ་གྲངས་ ༣༤༥ དང་། དབུ་མ་རབ་འབྱམས་པ་ཐོན་པ། ༢༣༧། རིས་མེད་སློབ་དཔོན་ཐོན་པ་གྲངས། ༩༡། རིས་མེད་དགེ་བཤེས་ཐོན་པ་གྲངས། ༥༧ བྱུང་ཡོད་ཅིང་། དེར་མ་ཟད་རིགས་ལམ་སློབ་གཉེར་ཁང་ནས་སློབ་མཐར་སོན་རྗེས་གདན་ས་ཁག་ཏུ་ཕེབས་ཏེ་དགེ་བཤེས་ལྷ་རམས་པ་ཐོན་པ་གྲངས། ༡༥ དང་། དགེ་བཤེས་ཚོགས་རམ་དང་གླིང་བསྲེ་ཐོན་པ་གྲངས། ༥༧ ཁྱོན་དགེ་བཤེས་གྲངས་ ༧༢ བྱུང་ཡོད། ཁོང་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དགོངས་འོག་བོད་ཀྱི་སྤྱི་ཚོགས་ནང་ལས་གནས་འདྲ་མིན་གྱི་ཐོག་ཞབས་ཕྱི་ཞུ་ཞིན་ཡོད། དཔེར་ན། གཞུང་ཞབས་པ་དང་། སྐུའི་གསུང་སྒྱུར། ནང་ཆོས་ངོ་སྤྲོད། སློབ་གྲྭ་དང་གལ་ཆེའི་ཚོགས་པ་ཁག་གི་དབུ་འཛིན། རྩོམ་པ་པོ། ཡིག་སྒྱུར་བ། གཙུག་ལག་སློབ་གྲྭ་ཆེན་པོའི་སློབ་དཔོན་དང་མཁས་དབང་སོགས་ཤེས་ཡོན་གྱི་ཐོག་ཕྱག་ལས་གཟེངས་སུ་ཐོན་པ་གནང་དང་གནང་མུས་ཡིན།