ཕར་ཕྱིན་གྱི་སློབ་ཚན་དང་། རྒྱུགས་སྤྲོད། ལག་ཁྱེར་བཅས་ཀྱི་སྐོར།
༡༽ ༡། ཕར་ཕྱིན་གྱི་དཔེ་གཞུང་དང་སློབ་ཚན་སྤྱི།
༡། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མངོན་རྟོགས་རྒྱན། ༢། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ། ༣། རྗེ་ཙོང་ཁ་པས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ། ༤། རྗེ་ཙོང་ཁ་པས་མཛད་པའི་ལེགས་བཤད་གསེར་ཕྲེང་། ༥། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་བཤད་སྙིང་པོའི་རྒྱན། ༦། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་ཡུམ་དོན་གསལ་བའི་སྒྲོན་མེ།(ཕར་ཕྱིན་སྤྱི་དོན།) ༧། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་ཡུམ་དོན་ཡང་གསལ་སྒྲོན་མེ། (ཕར་ཕྱིན་མཐའ་དཔྱོད།) ༨། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དྲང་ངེས་ཨུཏྤལའི་ཕྲེང་བ། ༩། རྗེ་ཙོང་ཁ་པས་མཛད་པའི་ཡིད་དང་ཀུན་གཞིའི་དཀའ་བའི་གནད་ཀྱི་རྩ་འགྲེལ། ༡༠། རྗེ་ཙོང་ཁ་པས་མཛད་པའི་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་བཅས་ཡིན།
༢། ཚད་མ་རྣམ་འགྲེལ་གྱི་དཔེ་གཞུང་དང་སློབ་ཚན་སྤྱི།
༡། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ། ༢༽ རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད། ༣། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་རྣམ་འགྲེལ་དགོངས་པ་རབ་གསལ། ༤། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། ༥། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ། ༦། རྒྱལ་དབང་དགེ་འདུན་གྲུབ་ཀྱིས་མཛད་པའི་ཚད་མ་རིགས་རྒྱན་བཅས་ཡིན།
༢༽ ཕར་ཕྱིན་ལོ་རིམ་སོ་སོའི་སློབ་ཚན་དང་། རྒྱུགས་སྤྲོད་གཏོང་ཕྱོགས་སྐོར།
༡། ཕར་ཕྱིན་ལོ་རིམ་དང་པོ། ༡། མངོན་རྒྱན་མཆོད་བརྗོད་དབུ་ནས། ཆོས་འཁོར་གྱི་དབྱེ་བ་བཤད་པ། ཞེས་པའི་ས་བཅད་རྫོགས་མཚམས་བར། ༢། ཚད་མ་རྣམ་འགྲེལ་ལེའུ་དང་པོའི་དབུ་ནས། ཕྱོགས་སྒྲ་རྫོགས་མཚམས་བར།
༡། ཕར་ཕྱིན་འབྲི་རྒྱུགས་གཅིག ༢། ཕར་ཕྱིན་རྩོད་རྒྱུགས་གཅིག ༣། ཚད་མ་རྣམ་འགྲེལ་འབྲི་རྒྱུགས་གཅིག ༤། ཚད་མ་རྣམ་འགྲེལ་རྩོད་རྒྱུགས་གཅིག
༢། ཕར་ཕྱིན་ལོ་རིམ་གཉིས་པའི་སློབ་ཚན། ༡། ཕར་ཕྱིན་སྤྱི་དོན་ཆོས་འཁོར་གྱི་ ( ཕྱེ་བ་སོ་སོའི་དོན་བཤད་པ་ལ་གཉིས་) ཞེས་པ་ནས། ཐེག་ཆེན་སེམས་བསྐྱེད་ཀྱི་དབུ་བར། ༢། ཚད་མ་རྣམ་འགྲེལ་འབྲས་རང་མ་དམིགས་པའི་རྟགས་གསུམ་དང་། རྟགས་གཞན་བཞི་པ་ཆ་ཚང༌།
༡། ཕར་ཕྱིན་འབྲི་རྒྱུགས་གཅིག ༢། ཕར་ཕྱིན་རྩོད་རྒྱུགས་གཅིག ༣། ཚད་མ་རྣམ་འགྲེལ་འབྲི་རྒྱུགས་གཅིག ༤། ཚད་མ་རྣམ་འགྲེལ་རྩོད་རྒྱུགས་གཅིག
༣། ཕར་ཕྱིན་ལོ་རིམ་གསུམ་པའི་སློབ་ཚན། ༡། མངོན་རྟོགས་རྒྱན་སེམས་བསྐྱེད་དབུ་ནས། དགེ་འདུན་ཉི་ཤུ་རྫོགས་མཚམས་བར། ༢། རྣམ་འགྲེལ་བྱས་མི་རྟག་དབུ་ནས། (རང་བཞིན་རྟགས་ལ་འཕྲོས་པའི་དྭོགས་པ་སྐྱེས་པའི་ཚུལ་བཤད་པ་) ཞེས་པའི་ས་བཅད་རྫོགས་མཚམས་བར།
༡། ཕར་ཕྱིན་འབྲི་རྒྱུགས་གཅིག ༢། ཕར་ཕྱིན་རྩོད་རྒྱུགས་གཅིག ༣། ཚད་མ་རྣམ་འགྲེལ་འབྲི་རྒྱུགས་གཅིག ༤། ཚད་མ་རྣམ་འགྲེལ་རྩོད་རྒྱུགས་གཅིག
༤། ཕར་ཕྱིན་ལོ་རིམ་བཞི་པའི་སློབ་ཚན། ༡། མངོན་རྟོགས་རྒྱན་སྦྱོར་ལམ་དབུ་ནས་སྐབས་གཉིས་པ་རྫོགས་མཚམས་བར། ༢། རྣམ་འགྲེལ་དྭོགས་པ་སྐྱེ་བའི་རྒྱུ་མཚན་རྟོགས་དཀའ་བའི་གནད་ཀྱི་གཙོ་བོ་ངོས་བཟུང་བ་ནས། གཞན་སེལ་རྫོགས་མཚམས་བར།
༡། ཕར་ཕྱིན་འབྲི་རྒྱུགས་གཅིག ༢། ཕར་ཕྱིན་རྩོད་རྒྱུགས་གཅིག ༣། ཚད་མ་རྣམ་འགྲེལ་འབྲི་རྒྱུགས་གཅིག ༤། ཚད་མ་རྣམ་འགྲེལ་རྩོད་རྒྱུགས་གཅིག
༥། ཕར་ཕྱིན་ལོ་རིམ་ལྔ་པའི་སློབ་ཚན། ༡། མངོན་རྟོགས་རྒྱན་སྐབས་གསུམ་པ་ཆ་ཚང་དང༌། སྐབས་བཞི་པ་ཆ་ཚང་། ཀུན་གཞི་རྩ་འགྲེལ། ༢། རྣམ་འགྲེལ་ཤིང་འཛིན་རྟོག་པ་ཆ་ཚང༌།
༡། ཕར་ཕྱིན་འབྲི་རྒྱུགས་གཅིག ༢། ཕར་ཕྱིན་རྩོད་རྒྱུགས་གཅིག ༣། ཚད་མ་རྣམ་འགྲེལ་འབྲི་རྒྱུགས་གཅིག ༤། ཚད་མ་རྣམ་འགྲེལ་རྩོད་རྒྱུགས་གཅིག
༦། ཕར་ཕྱིན་ལོ་རིམ་དྲུག་པའི་སློབ་ཚན། ༡། མངོན་རྟོགས་རྒྱན་སྐབས་ལྔ་པ་ཆ་ཚང་དང༌། སྐབས་དྲུག་པ་ཆ་ཚང་། སྐབས་བདུན་པ་ཆ་ཚང་། སྐབས་བརྒྱད་པ་ཆ་ཚང་། ༢། རྣམ་འགྲེལ་བརྡ་ཡུལ་ཆ་ཚང་།
༣༽ ཕར་ཕྱིན་འཛིན་གྲྭ་ལོ་རིམ་སོ་སོའི་ལོ་འཁོར་བློ་འཛིན་གྱི་རྒྱུགས་གཞུང་།
༡། ཕར་ཕྱིན་ལོ་རིམ་དང་པོ། ཚད་མ་རྣམ་འགྲེལ་ལེའུ་དང་པོའི་དབུ་ནས། བརྡ་ཡུལ་གྱི་སྐབས། སྔོ་སོགས་མིག་གི་རྣམ་ཤེས་ལ། །ནུས་པ་སོ་སོར་མཐོང་བའི་ཕྱིར། །ཞེས་པའི་བར་ཤློ་ཀ་ ༡༠༥ ཡོད།
༢། ཕར་ཕྱིན་ལོ་རིམ་གཉིས་པ། མངོན་རྟོགས་རྒྱན་སྐབས་དང་པོ་ཆ་ཚང་། ཤློ་ཀ་ ༧༤ ཡོད།
༣། ཕར་ཕྱིན་ལོ་རིམ་གསུམ་པ། མངོན་རྟོགས་རྒྱན། སྐབས་གཉིས་པ་ཆ་ཚང་དང་། གསུམ་པ་ཆ་ཚང་། སྐབས་བཞི་པའི། ངེས་བྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །གཟུགས་ལ་སོགས་ལས་ལྡོག་པ་དང་། །ཞེས་པའི་བར། ཤློོ་ཀ་ ༨༥ཡོད།
༤། ཕར་ཕྱིན་ལོ་རིམ་བཞི་པ། མངོན་རྟོགས་རྒྱན་སྐབས་བཞི་པའི། ཐེ་ཚོམས་མི་དལ་ཟད་པ་དང་། །བདག་ཉིད་དགེ་བ་ལ་གནས་༔ཤིང་། །ཞེས་པ་ནས། སྐབས་བདུན་པ་རྫོགས་མཚམས་བར། ཤློོ་ཀ་ ༧༢ ཡོད།
༥། ཕར་ཕྱིན་ལོ་རིམ་ལྔ་པ། སྐབས་བརྒྱད་པ་ཆ་ཚང་དང་། དབུ་མ་འཇུག་པའི་དབུ་ནས། སེམས་བསྐྱེད་གཉིས་པ་རྫོགས་མཚམས་བར། བཅས་ལ་ཤློོ་ཀ་ ༦༧ ཡོད།༦། ཕར་ཕྱིན་ལོ་རིམ་དྲུག་པ། ཕར་ཕྱིན་རབ་འབྱམས་པའི་རང་སྦྱོང་མ་བཞག་སྔོན་ཙམ་དུ། རྣམ་འགྲེལ་ལེའུ་དང་པོའི་དབུ་ནས། སྔོ་སོགས་མིག་གི་རྣམ་བཤེས་ལ། །ནུས་པ་སོ་སོར་མཐོང་བའི་ཕྱིར། །ཞེས་པའི་བར་དང་། མངོན་རྟོགས་རྒྱན་ཆ་ཚང་བློ་རྒྱུགས་འབུལ་དགོས། ༼ བློ་རྒྱུགས་ཀྱི་རྒྱུགས་གཞུང་རྣམས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༠ དང་ ༢༤ ཉིན་རིགས་སློབ་ཤེས་ཡོན་ལྷན་ཚོགས་ཐེངས་བཞི་པའི་སྐབས་ཀྱི་གྲོས་ཆོད་གཏན་འབེབས་བྱུང་བ་ལས་ཟུར་བཏོན་ཞུས་པའོ༎༽
ཕར་ཕྱིན་ལོ་རིམ་མཐའ་མའམ་ཕར་ཕྱིན་རབ་འབྱམས་པའི་རྒྱུགས་སྤྲོད་ཀྱི་གྲངས་དང་སློབ་ཚན་ཆ་བགོས།
༡། ཕར་ཕྱིན་འབྲི་རྒྱུགས་བཞི། ༢། རྣམ་འགྲེལ་འབྲི་རྒྱུགས་གཅིག ༣། ཕར་ཕྱིན་རྩོད་རྒྱུགས་གཅིག ༤། རྣམ་འགྲེལ་རྩོད་རྒྱུགས་གཅིག བློ་རྒྱུགས་བཅས་བསྡོམས་རྒྱུགས་སྤྲོད་བརྒྱད་གཏོང་དགོས།
༡། ཕར་ཕྱིན་འབྲི་རྒྱུགས་དང་པོ། མངོན་རྟོགས་རྒྱན་མཆོད་བརྗོད་དབུ་ནས་སྤྱན་སྔ་སྔོན་ཤེས་རྫོགས་མཚམས་བར།
༢། ཕར་ཕྱིན་འབྲི་རྒྱུགས་གཉིས་པ། མངོན་རྟོགས་རྒྱན་དགེ་འདུན་ཉི་ཤུའི་དབུ་ནས་སྐབས་དང་པོ་རྫོགས་མཚམས་བར
༣། ཕར་ཕྱིན་འབྲི་རྒྱུགས་གསུམ་པ། མངོན་རྟོགས་རྒྱན་སྐབས་གཉིས་པ་དང་གསུམ་པ་ཆ་ཚང་དང་། སྐབས་བཞི་པའི་དབུ་ནས་སྦྱོར་བའི་སྐྱོན་ཡོན་རྫོགས་མཚམས་བར།
༤། ཕར་ཕྱིན་འབྲི་རྒྱུགས་བཞི་པ། མངོན་རྟོགས་རྒྱན་སྐབས་བཞི་པའི་སྦྱོར་བའི་མཚན་ཉིད། (སྤྱི་དོན་གྱི་སྦྱོར་བ་རྣམས་ཀྱི་སྐྱོན་ ཡོན་དེ་ལྟར་ཡིན་ན། སྦྱོར་བ་རྣམས་མཚོན་པར་བྱེད་པའི་ཚུལ་ཇི་ལྟར་ཡིན་ཞེ་ན།)ཞེས་པ་ནས་སྐབས་བཞི་པ་རྫོགས་མཚམས་བར་དང་། སྐབས་ལྔ་པ་ཆ་ཚང་། དྲུག་པ་ཆ་ཚང་། བདུན་པ་ཆ་ཚང་། བརྒྱད་པ་ཆ་ཚང་།
༥། ཕར་ཕྱིན་རྩོད་རྒྱུགས། མངོན་རྟོགས་རྒྱན་སྐབས་དང་པོ་ནས་སྐབས་བརྒྱད་པ་བར་གྱི་རྩ་འགྲེལ་ཆ་ཚང༌།
༦། རྣམ་འགྲེལ་འབྲི་རྒྱུགས། རྣམ་འགྲེལ་ལེའུ་དང་པོའི་རྩ་འགྲེལ་དབུ་ནས་བརྡ་ཡུལ་རྫོགས་མཚམས་བར། ༧། རྣམ་འགྲེལ་རྩོད་རྒྱུགས། རྣམ་འགྲེལ་ལེའུ་དང་པོའི་རྩ་འགྲེལ་དབུ་ནས་བརྡ་ཡུལ་རྫོགས་མཚམས་བར།
༤༽ ཕར་ཕྱིན་རབ་འབྱམས་པའི་ལག་ཁྱེར་གནང་ཕྱོགས་སྐོར།
གོང་ཞུས་ཕར་ཕྱིན་ལོ་དྲུག་གི་སློབ་ཚན་ཡོངས་རྫོགས་སློབ་གཉེར་ལེགས་པར་བགྱིས་ཏེ་ཕར་ཕྱིན་ལོ་རིམ་དྲུག་པའམ་མཐའ་མའི་ཐོན་རྒྱུགས་ལེགས་པར་འཕྲོད་ན་ཕར་ཕྱིན་རབ་འབྱམས་པའི་ལག་ཁྱེར་གནང་གི་ཡོད། ཕར་ཕྱིན་རབ་འབྱམས་པའི་ལག་ཁྱེར་དེ་ནི་རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་ཚད་ལྡན་ཁག་གི་ B.A. degree དང་མཉམ་པ་ཡིན།


