བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་།
༄༅། །བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་ནི་བོད་རིགས་གཞོན་སྐྱེས་རྣམས་དང་ཧི་མ་ལ་ཡའི་ས་ཁུལ་སོགས་ཀྱི་དོན་གཉེར་ཅན་རྣམས་ལ་ནང་པའི་ལྟ་གྲུབ་དང་དེང་རབས་ཀྱི་ཤེས་ཡོན་ཟུང་འབྲེལ་ཐོག་སློབ་གཉེར་བྱ་ཡུལ་གྱི་བསྟི་གནས་ཚད་ལྡན་ཞིག་ཡིན། སློབ་གཉེར་ཁང་འདི་ནས་ད་བར་དུ་༸གོང་ས་མཆོག་གི་སྐུའི་གསུང་སྒྱུར་དང་། གཞུང་ཞབས་པ། འབུམ་རམས་པ། ཞིབ་འཇུག་པ། རྩོམ་པ་པོ། དགེ་རྒན། སོགས་གསོ་སྐྱོང་བྱས་དང་བྱེད་བཞིན་ཡོད།




