དབུ་མ་འཛིན་གྲྭ།

གསུམ་པ། དབུ་མ་འཛིན་གྲྭ། དུས་ཡུན་ལོ་གསུམ།

༡༽ ༡། དབུ་མའི་དཔེ་གཞུང་དང་སློབ་ཚན་སྤྱི།

༡། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ། ༢། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ། ༣། རྗེ་ཙོང་ཁ་པས་མཛད་པའི་དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། ༤། རྗེ་ཙོང་ཁ་པས་མཛད་པའི་རྩ་ཤེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། ༥། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་ཟབ་དོན་གསལ་བའི་སྒྲོན་མེ། ༦། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་ཟབ་དོན་ཡང་གསལ་སྒྲོན་མེ་བཅས་ཡིན།

༢། རྣམ་གྲེལ་སློབ་ཚན།

༡། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་ལེའུ་གཉིས་པ། ༢། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་གཉིས་པ། ༣། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལེའུ་གཉིས་པ། ༤། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལེའུ་གཉིས་པ། ༡༡། མཁས་གྲུམ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་བཅས་ཡིན།

༢༽ དབུ་མ་ལོ་རིམ་སོ་སོའི་སློབ་ཚན་དང༌། རྒྱུགས་སྤྲོད་གཏོང་ཕྱོགས་སྐོར།

༡། དབུ་མ་ལོ་རིམ་དང་པོའི་སློབ་ཚན། ༡། དབུ་མ་འཇུག་པའི་དབུ་ནས། བདག་སྐྱེ་རྫོགས་མཚམས་བར། ༢། ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་རྩ་བ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ནས། ཚུར་ཤོག་བྱ་རྒོད་བསྟེན་པར་བྱ། །ཞེས་པའི་བར།

༡། དབུ་མ་འབྲི་རྒྱུགས་གཅིག ༢། དབུ་མ་རྩོད་རྒྱུགས་གཅིག ༣། རྣམ་འགྲེལ་འབྲི་རྒྱུགས་གཅིག ༤། རྣམ་འགྲེལ་རྩོད་རྒྱུགས་གཅིག

༢། དབུ་མ་ལོ་རིམ་གཉིས་པའི་སློབ་ཚན། ༡། དབུ་མ་འཇུག་པ་ལས། དེ་ཉིད་དེ་ལས་བྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །ཅེས་པ་ནས། རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་པའི་བར། ༢། རྣམ་འགྲེལ་ལེའུ་གཉིས་པའི་རྩ་བ་ལས། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་པ་ནས། དེ་ཕྱིར་ཚད་ཡིན་ཡང་ན་སྐྱོབ། །ཅེས་པའི་བར།

༡། དབུ་མ་འབྲི་རྒྱུགས་གཅིག ༢། དབུ་མ་རྩོད་རྒྱུགས་གཅིག ༣། རྣམ་འགྲེལ་འབྲི་རྒྱུགས་གཅིག ༤། རྣམ་འགྲེལ་རྩོད་རྒྱུགས་གཅིག

༣། དབུ་མ་ལོ་རིམ་གསུམ་པའམ་མཐའ་མའི་སློབ་ཚན། ༡། དབུ་མ་བདག་འགོག་དབུ་ནས། སེམས་བསྐྱེད་བཅུ་པ་རྫོགས་མཚམས་བར། ༢། རྣམ་འགྲེལ་ལེའུ་གཉིས་པའི་རྩ་བ་ལས། བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་པ་ནས། བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཅེས་པའི་བར།

༣༽ དབུ་མ་འཛིན་གྲྭ་ལོ་རིམ་སོ་སོའི་ལོ་འཁོར་བློ་འཛིན་གྱི་རྒྱུགས་གཞུང་།

༡། དབུ་མ་ལོ་རིམ་དང་པོ། དབུ་མ་འཇུག་པ་སེམས་བསྐྱེད་གསུམ་པའི་དབུ་ནས། སེམས་བསྐྱེད་དྲུག་པའི། གང་དག་རང་མཚན་ཉིད་ཀྱི་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། །ཞེས་པའི་བར། ཤློོ་ཀ་ ༧༧ ཡོད།

༢། དབུ་མ་ལོ་རིམ་གཉིས་པ། སེམས་བསྐྱེད་དྲུག་པའི། མིག་བློ་སྐྱེ་བ་རང་ནུས་གང་ཞིག་ལས། །དེ་མ་ཐག་ཏུ་ཀུན་ནས་སྐྱེ་འགྱུར་ཞིང་། །ཞེས་པ་ནས། སེམས་བསྐྱེད་དྲུག་པའི། འཇིག་ཚོགས་ལྟ་རི་ལྷུན་སྟུག་ལ་གནས་པ། །རྩེ་མོ་མཐོ་བར་གྱུར་པ་འདི་དག་གོ །ཞེས་པའི་བར། ཤློོ་ཀ་ ༨༤ ཡོད།

༣། དབུ་མ་ལོ་རིམ་གསུམ་པ། དབུ་མ་རབ་འབྱམས་པའི་རང་སྦྱོང་མ་བཞག་སྔོན་ཙམ་དུ་དབུ་མ་འཇུག་པ་ཆ་ཚང་བློ་རྒྱུགས་འབུལ་དགོས། ༼བློ་རྒྱུགས་ཀྱི་རྒྱུགས་གཞུང་རྣམས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༠ དང་ ༢༤ ཉིན་རིགས་སློབ་ཤེས་ཡོན་ལྷན་ཚོགས་ཐེངས་བཞི་པའི་སྐབས་ཀྱི་གྲོས་ཆོད་གཏན་འབེབས་བྱུང་བ་ལས་ཟུར་བཏོན་ཞུས་པའོ༎༽

དབུ་མ་ལོ་རིམ་མཐའ་མའམ་དབུ་མ་རབ་འབྱམས་པའི་རྒྱུགས་སྤྲོད་ཀྱི་གྲངས་དང་སློབ་ཚན་ཆ་བགོས།

༡། དབུ་མ་འབྲི་རྒྱུགས་གསུམ། ༢། རྣམ་འགྲེལ་འབྲི་རྒྱུགས་གཅིག ༣། དབུ་མ་རྩོད་རྒྱུགས་གཅིག ༤། རྣམ་འགྲེལ་རྩོད་རྒྱུགས་གཅིག བློ་རྒྱུགས་བཅས་བསྡོམས་རྒྱུགས་སྤྲོད་བདུན་གཏོང་དགོས།

༡། དབུ་མ་འབྲི་རྒྱུགས་དང་པོ། དབུ་མ་རྩ་འགྲེལ་སེམས་བསྐྱེད་དང་པོའི་དབུ་ནས། སེམས་བསྐྱེད་དྲུག་པའི་བདག་སྐྱེ་རྫོགས་མཚམས་བར།

༢། དབུ་མ་འབྲི་རྒྱུགས་གཉིས་པ། དབུ་མ་རྩ་འགྲེལ་སེམས་བསྐྱེད་དྲུག་པའི་གཞན་སྐྱེ་དབུ་ནས། རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་པའི་བར།

༣། དབུ་མ་འབྲི་རྒྱུགས་གསུམ་པ། དབུ་མ་རྩ་འགྲེལ་བདག་འགོག་དབུ་ནས། སེམས་བསྐྱེད་བཅུ་པ་རྫོགས་མཚམས་བར།

༤། རྣམ་འགྲེལ་འབྲི་རྒྱུགས། རྣམ་འགྲེལ་ལེའུ་གཉིས་པའི་རྩ་འགྲེལ་ཆ་ཚང་།

༥། དབུ་མ་རྩོད་རྒྱུགས། དབུ་མ་རྩ་འགྲེལ་སེམས་བསྐྱེད་དང་པོའི་དབུ་ནས། སེམས་བསྐྱེད་བཅུ་པ་རྫོགས་མཚམས་བར།

༦། རྣམ་འགྲེལ་རྩོད་རྒྱུགས། རྣམ་འགྲེལ་ལེའུ་གཉིས་པ་རྩ་འགྲེལ་ཆ་ཚང་།

༤༽ དབུ་མ་རབ་འབྱམས་བའི་ལག་ཁྱེར་གནང་ཕྱོགས་སྐོར།

གོང་ཞུས་དབུ་མ་ལོ་གསུམ་གྱི་སློབ་ཚན་ཡོངས་རྫོགས་སློབ་གཉེར་ལེགས་པར་བགྱིས་ཏེ་དབུ་མ་ལོ་རིམ་གསུམ་པའམ་མཐའ་མའི་ཐོན་རྒྱུགས་ལེགས་པར་འཕྲོད་ན་དབུ་མ་རབ་འབྱམས་པའི་ལག་ཁྱེར་གནང་གི་ཡོད། དབུ་མ་རབ་འབྱམས་པའི་ལག་ཁྱེར་དེ་ནི་རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་ཚད་ལྡན་ཁག་གི་ M.A. degree དང་མཉམ་པ་ཡིན་ནོ༎