དང་པོ། བསྡུས་གྲྭ་འཛིན་གྲྭ། དུས་ཡུན་ལོ་གཅིག
བསྡུས་གྲྭའི་སྐབས་ཀྱི་སློབ་ཚན་ཐོན་མཁན་རྣམས་ལ་ལག་ཁྱེར་དམིགས་བསལ་གནང་སྲོལ་མེད།
༡༽ དཔེ་གཞུང་དང་སློབ་ཚན་སྤྱིའི་སྐོར།
༡། རིགས་སློབ་ཟུར་པ་རབ་འབྱམས་པ་བློ་བཟང་བསོད་ནམས་ལགས་ཀྱིས་མཛད་པའི་བསྡུས་གྲྭ། ༢། རིགས་སློབ་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་མཛད་པའི་བློ་རིགས་ཉེར་མཁོ་ཀུན་བཏུས། ༣། དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱིས་མཛད་པའི་རྟགས་རིགས་ཀྱི་རྣམ་གཞག་ཆོས་ཀུན་གསལ་བའི་མེ་ལོང། ༤། བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་མཛད་པའི་གྲུབ་མཐའ་རིན་ཆེན་ཕྲེང་བ་བཅས་ཡིན།

