གསང་སྔགས་ཀྱི་སློབ་ཚན།

ལྔ་པ། གསང་སྔགས་འཛིན་གྲྭ། དུས་ཡུན་ལོ་གཉིས།

༡༽ གསང་སྔགས་ཀྱི་དཔེ་གཞུང་དང་སློབ་ཚན་སྤྱི།

༡། རྗེ་ཙོང་ཁ་པས་མཛད་པའི་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ། (སྔགས་རིམ་ཆེན་མོ།) ༢། ཆོས་རྗེ་ངག་དབང་དཔལ་ལྡན་གྱིས་མཛད་པའི་གསང་ཆེན་རྒྱུད་སྡེ་བཞིའི་ས་ལམ་གྱི་རྣམ་གཞག་རྒྱུད་གཞུང་གསལ་བྱེད། ༣། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་གསང་འདུས་སྐྱེད་རྫོགས་མཁས་པའི་ཡིད་འཕྲོག་རྒྱུད་སྡེ་སྤྱི་རྣམ། ༤། འཇམ་དབྱངས་དགྱེས་པའི་བཤེས་གཉེན་གྱིས་མཛད་པའི་དུས་འཁོར་ས་ལམ་མཁས་གྲུབ་སྨྲ་བའི་ཉི་མའི་ཞལ་ལུང་།

༢༽ གསང་སྔགས་འཛིན་གྲྭ་ལོ་རིམ་སོ་སོའི་སློབ་ཚན་དང༌། རྒྱུགས་སྤྲོད་གཏོང་ཕྱོགས་སྐོར།

) གསང་སྔགས་ལོ་རིམ་དང་པོའི་སློབ་ཚན། ༡། གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལེའུ་དང་པོ་ནས་བདུན་པའི་བར། ༢། གསང་ཆེན་རྒྱུད་སྡེ་བཞིའི་ས་ལམ་གྱི་རྣམ་གཞག་རྒྱུད་གཞུང་གསལ་བྱེད།

༡། འབྲི་རྒྱུགས་དང་པོ། གསང་ཆེན་རྒྱུད་སྡེ་བཞིའི་ས་ལམ་གྱི་རྣམ་གཞག་རྒྱུད་གཞུང་གསལ་བྱེད།

༢། འབྲི་རྒྱུགས་གཉིས་པ། གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལེའུ་དང་པོ་ནས་གསུམ་པའི་བར།

༣། འབྲི་རྒྱུགས་གསུམ་པ། གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལེའུ་བཞི་པ་ནས་བདུན་པའི་བར།

) གསང་སྔགས་ལོ་རིམ་གཉིས་པའི་སློབ་ཚན། གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལེའུ་བརྒྱད་པ་ནས་བཅུ་བཞིའི་བར།

༡། འབྲི་རྒྱུགས་དང་པོ། གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལེའུ་བརྒྱད་པ་དང་། དགུ་པ། བཅུ་པ། ༢།

༢། འབྲི་རྒྱུགས་གཉིས་པ། གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལེའུ་བཅུ་གཅིག་དང་བཅུ་གཉིས།

༣། འབྲི་རྒྱུགས་གསུམ་པ། གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལེའུ་བཅུ་གསུམ་དང་བཅུ་བཞི་བཅས་ཡིན།

༣༽ གསང་སྔགས་ཀྱི་ལག་ཁྱེར་གནང་ཕྱོགས་སྐོར།

མ་མཐར་གཞི་རིམ་སློབ་གྲྭའི་འཛིན་རིམ་བཅུ་པའི་ཤེས་ཚད་དང་མཉམ་པ་ལྡན་པའི་ཐོག་ནས་ཐོག་མར་རིགས་ལམ་སློབ་གཉེར་ཁང་དུ་འཛུལ་ཞུགས་བྱས་པ་ནས་བཟུང་ཉུང་མཐར་ལོ་ངོ་བཅུ་དྲུག་རིང་འགོ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་ཀ་པོད་ལྔ་དང་། རིས་མེད་ཆོས་བརྒྱུད་ཁག་གི་གཞུང་ལུགས། རྒྱུད་བླ་མ། དཔྱད་རྩོམ། གསང་སྔགས་བཅས་མདོ་སྔགས་ཀྱི་སློབ་ཚན་ཁག་གི་ཐོག་སྦྱངས་པ་མཐར་ཕྱིན་ཏེ་གསང་སྔགས་ལོ་རིམ་སོ་སོའི་རྒྱུགས་སྤྲོད་ལེགས་པར་འཕྲོད་ན་རིས་མེད་དགེ་བཤེས་ཀྱི་ལག་ཁྱེར་གནང་གི་ཡོད། རིས་མེད་དགེ་བཤེས་ཀྱི་ལག་ཁྱེར་དེ་ནི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་ཀྱི་ཕྱག་ཁྱེར་དང་། རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་ཚད་ལྡན་ཁག་གི་ Ph. D degree དང་མཉམ་པ་ཡིན།