བཞི་པ། རིས་མེད་སློབ་དཔོན་འཛིན་གྲྭ། དུས་ཡུན་ལོ་བཞི།
༡༽ རིས་མེད་སློབ་དཔོན་འཛིན་གྲྭའི་དཔེ་གཞུང་དང་སློབ་ཚན་སྤྱི།
ཀ༽ ཐེག་པ་ཆེན་པོའི་རྒྱུད་བླ་མ། ༡། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་ཐེག་པ་ཆེན་པོའི་རྒྱུད་བླ་མ། ༢། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྒྱུད་བླ་དར་ཊཱིཀ ༣། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དཀའ་འགྲེལ་གནད་ཀྱི་ཟླ་འོད།
ཁ༽ མངོན་པ་མཛོད། ༡། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད། ༢། རྒྱལ་དབང་དགེ་འདུན་གྲུབ་ཀྱིས་མཛད་པའི་མཛོད་ཊཱིཀ་ཐར་ལམ་གསལ་བྱེད། ༣། མཆིམས་འཇམ་དཔལ་དབྱངས་ཀྱིས་མཛད་པའི་མཆིམས་མཛོད།
ག༽ དམ་ཆོས་འདུལ་བ། ༡། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ། ༢། ཀུན་མཁྱེན་མཚོ་སྣ་བས་མཛད་པའི་རྣམ་བཤད་ཉི་མའི་འོད་ཟེར། ༣། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་ལེགས་བཤད་ལུང་རིགས་ཉི་མ།
ཚད་མའི་དེ་ཁོ་ན་ཉིད་བསྡུས་པ། ༡༽ མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ། ༢། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།
ང༽ སྔ་འགྱུར་རྙིང་མའི་གཞུང་ལུགས། ༡། འཇུ་མི་ཕམ་རིན་པོ་ཆེས་མཛད་པའི་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས་དབུ་མ་རྒྱན་གྱི་སྤྱི་དོན། ༢། འཇུ་མི་ཕམ་རིན་པོ་ཆེས་མཛད་པའི་དོན་རྣམ་པར་ངེས་པའི་ཤེས་རབ་རལ་གྲི ༣། འཇུ་མི་ཕམ་རིན་པོ་ཆེས་མཛད་པའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། ༤།འཇུ་མི་ཕམ་རིན་པོ་ཆེས་མཛད་པའི་མཁས་པའི་ཚུལ་ལ་འཇུག་པའི་སྒོ།
ཅ༽ མཉམ་མེད་བཀའ་བརྒྱུད་ཀྱི་གཞུང་ལུགས། ༡། དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་མཛད་པའི་དྭགས་པོ་ཐར་རྒྱན། ༢། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་འཇུག་འགྲེལ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས་སེམས་བསྐྱེད་དྲུག་པའི་བདག་འགོག་འགྲེལ་པ། ༣། ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་ཤེར་སྙིང་རྣམ་བཤད་ཀླུ་སྒྲུབ་དགོངས་རྒྱན། ༤། ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་ཤེར་ཕྱིན་ལུང་ལ་འཇུག་པའི་སྒོ་ལས་དོན་བདུན་ཅུའི་སྐོར། ༥། རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེའི་གསུང་དབུ་མ་ཡང་དག་པར་བརྗོད་པ།
ཆ༽ དཔལ་ས་སྐྱའི་གཞུང་ལུགས། ༡། ས་སྐྱ་པཎ་ཆེན་གྱིས་མཛད་པའི་ཐུབ་པ་དགོངས་གསལ། ༢། ཀུན་མཁྱེན་གོ་རམས་པས་མཛད་པའི་ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ལས་རང་ལུགས་སྐོར། ༣། སྟག་ཚང་ལོ་ཙཱ་བས་མཛད་པའི་གྲུབ་མཐའ་ཀུན་ཤེས་ལས་རང་ལུགས་སྐོར། ༤། ཀུན་མཁྱེན་གོ་རམས་པས་མཛད་པའི་དོན་བདུན་ཅུའི་ཡན་ལག་རྒྱས་བཤད་དང༌། སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ལས་མཆོད་བརྗོད་ནས་སེམས་བསྐྱེད་དབུ་བར་རང་ལུགས་སྐོར། ༥། ཀུན་མཁྱེན་གོ་རམས་པས་མཛད་པའི་དབུ་མའི་སྤྱི་དོན་ངེས་དོན་རབ་གསལ་ལས་ཐལ་རང་གི་རྣམ་བཤད་བཅས་སོ༎
༢༽ རིས་མེད་སློབ་དཔོན་འཛིན་གྲྭ་ལོ་རིམ་སོ་སོའི་སློབ་ཚན་དང་། རྒྱུགས་སྤྲོད་གཏོང་ཕྱོགས་སྐོར།
༡༽ སློབ་དཔོན་ལོ་རིམ་དང་པོ། ༡། མཛོད་གནས་དང་པོ་ནས་བཞི་པའི་བར་གྱི་རྩ་འགྲེལ། ༢། རྒྱུད་བླ་མ། ༣། དཀའ་འགྲེལ་གནད་ཀྱི་ཟླ་འོད། ༤། རྒྱུད་བླ་དར་ཊཱིཀ
༡། འབྲི་རྒྱུགས་དང་པོ། མངོན་པ་མཛོད་སྟོད་ཆ། མཛོད་གནས་དང་པོ་དང་གཉིས་པའི་རྩ་འགྲེལ།
༢། འབྲི་རྒྱུགས་གཉིས་པ། མངོན་པ་མཛོད་སྟོད་ཆ། མཛོད་ནས་གསུམ་པ་དང་བཞི་པའི་རྩ་འགྲེལ།
༣། འབྲི་རྒྱུགས་གསུམ་པ། རྒྱུད་བླ་མ་སྐབས་དང་པོ་ཆ་ཚང་། དཀའ་འགྲེལ་གནད་ཀྱི་ཟླ་འོད། རྒྱུད་བླ་དར་ཊཱིཀ
༤། འབྲི་རྒྱུགས་བཞི་པ། རྒྱུད་བླ་མ་སྐབས་གཉིས་པ་ནས་ལྔ་པ་བར། དཀའ་འགྲེལ་གནད་ཀྱི་ཟླ་འོད། རྒྱུད་བླ་དར་ཊཱིཀ
༢༽ སློབ་དཔོན་ལོ་རིམ་གཉིས་པ། ༡། མངོན་པ་མཛོད། ༢། མཛོད་ཊཱིཀ་ཐར་ལམ་གསལ་བྱེད། ༣། མཆིམས་མཛོད་བཅས་ལས་མཛོད་གནས་ལྔ་པ་ནས་བརྒྱད་པ་བར། ༤། དབུ་མ་རྒྱན་གྱི་སྤྱི་དོན། ༥། དོན་རྣམ་པར་ངེས་པའི་ཤེས་རབ་རལ་གྲི ༦། ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ་ལས་ནང་པའི་གྲུབ་མཐའི་སྐོར།
༡། འབྲི་རྒྱུགས་དང་པོ། མཛོད་སྨད་ཆ། མཛོད་གནས་ལྔ་པ་དང་དྲུག་པའི་རྩ་འགྲེལ།
༢། འབྲི་རྒྱུགས་གཉིས་པ། མཛོད་སྨད་ཆ། མཛོད་གནས་བདུན་པ་དང་བརྒྱད་པའི་རྩ་འགྲེལ།
༣། འབྲི་རྒྱུགས་གསུམ་པ། སྔ་འགྱུར་རྙིང་མའི་གཞུང་ལུགས། དབུ་མ་རྒྱན་གྱི་སྤྱི་དོན། དོན་རྣམ་པར་ངེས་པའི་ཤེས་རབ་རལ་གྲི
༤། འབྲི་རྒྱུགས་བཞི་པ། སྔ་འགྱུར་རྙིང་མའི་གཞུང་ལུགས། ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ་ལས་ནང་པའི་གྲུབ་མཐའི་སྐོར།
༣༽ སློབ་དཔོན་ལོ་རིམ་གསུམ་པ། ༡། འདུལ་བ་མདོ་རྩ་བ། ༢། རྣམ་བཤད་ཉི་མའི་འོད་ཟེར། ༣། ལེགས་བཤད་ལུང་རིགས་ཉི་མ། ༤། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་དེའི་དཀའ་འགྲེལ། ༥། ཐར་པ་རིན་པོ་ཆེའི་རྒྱན། ༦། འཇུག་འགྲེལ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས་སེམས་བསྐྱེད་དྲུག་པའི་བདག་འགོག་འགྲེལ་པ། ༧། ཤེར་སྙིང་རྣམ་བཤད་ཀླུ་སྒྲུབ་དགོངས་རྒྱན།
༡། འབྲི་རྒྱུགས་དང་པོ། འདུལ་བ་གཞི་སྟོད། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། ཞེས་པ་ནས། བསླབ་པ་འབུལ་བའི་ཆོ་གའོ༎ ཞེས་པའི་ཕམ་པའི་དབུ་བར།
༢། འབྲི་རྒྱུགས་གཉིས་པ། འདུལ་བ་གཞི་སྟོད། བམ་པོ་གཉིས་པའོ༎ ཞེས་པ་ནས། དགེ་སློང་མའི་རྣམ་པར་འབྱེད་པ་རྫོགས་སོ༎ ཞེས་པའི་བར། (བཙུན་མ་དང་མི་སྐྱ་ཚོར་འདུལ་བའི་སློབ་ཚན་གྱི་ཚབ་ཏུ་ཚད་མའི་དེ་ཁོ་ན་ཉིད་དང་དཀའ་འགྲེལ་གཉིས་ནས་འབྲི་རྒྱུགས་གཏོང་རྒྱུ།)
༣། འབྲི་རྒྱུགས་གསུམ་པ། མཉམ་མེད་བཀའ་བརྒྱུད་པའི་གཞུང་ལུགས། ཐར་པ་རིན་པོ་ཆེའི་རྒྱན།
༤། འབྲི་རྒྱུགས་བཞི་པ། མཉམ་མེད་བཀའ་བརྒྱུད་པའི་གཞུང་ལུགས། དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས་སེམས་བསྐྱེད་དྲུག་པའི་བདག་འགོག་འགྲེལ་པ། ཤེར་སྙིང་རྣམ་བཤད་ཀླུ་སྒྲུབ་དགོངས་རྒྱན།
༤༽ སློབ་དཔོན་ལོ་རིམ་བཞི་པའི་སློབ་ཚན། ༡། འདུལ་བ་མདོ་རྩ་བ། ༢། རྣམ་བཤད་ཉི་མའི་འོད་ཟེར། ༣། ལེགས་བཤད་ལུང་རིགས་ཉི་མ། ༤། དབུ་མའི་སྤྱི་དོན་ངེས་དོན་རབ་གསལ་ལས་ཐལ་རང་གི་རྣམ་བཤད། ༥། ཐུབ་པ་དགོངས་གསལ། ༦། ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ལས་རང་ལུགས་སྐོར། ༧། གྲུབ་མཐའ་ཀུན་ཤེས་ལས་རང་ལུགས་སྐོར།
༡། འབྲི་རྒྱུགས་དང་པོ། འདུལ་བ་གཞི་སྨད། འདུལ་བ་མདོ་རྩ་བར། ཉམས་པ་དང་མ་སྐྱེས་པ་ཉིད། ཅེས་པ་ནས། དགག་དབྱེའི་གཞི་རྫོགས་སོ༎ ཞེས་པའི་བར།
༢། འབྲི་རྒྱུགས་གཉིས་པ། འདུལ་བ་གཞི་སྨད། འདུལ་བ་མདོ་རྩ་བར། སྲ་བརྐྱང་གདིང་བར་བྱའོ༎ ཞེས་པ་ནས། གནས་མལ་གྱི་གཞི་རྫོགས་སོ༎ ཞེས་པའི་བར།
༣། འབྲི་རྒྱུགས་གསུམ་པ། ས་སྐྱའི་གཞུང་ལུགས། ཐུབ་པ་དགོངས་གསལ།
༤། འབྲི་རྒྱུགས་བཞི་པ། ས་སྐྱའི་གཞུང་ལུགས། ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ལས་རང་ལུགས་སྐོར། གྲུབ་མཐའ་ཀུན་ཤེས་ལས་རང་ལུགས་སྐོར། དབུ་མའི་སྤྱི་དོན་ངེས་དོན་རབ་གསལ་ལས་ཐལ་རང་གི་རྣམ་བཤད།དཔྱད་རྩོམ་སྐོར། རིས་མེད་སློབ་དཔོན་ལོ་རིམ་མཐའ་མའི་རྒྱུགས་སྤྲོད་ཀྱི་སྔོན་བདུན་གཅིག་གི་ནང་ཚུད་དུ་ནང་དོན་རིག་པའི་ཐོག་ཡིག་ཕྲེང་དྲུག་བརྒྱ་ལས་མི་ཉུང་བའི་དཔྱད་རྩོམ་ཞིག་འབྲི་དགོས་ཤིང་། དཔྱད་རྩོམ་དེ་ཉིད་རྒྱུགས་སྤྲོད་ལྟར་འཕྲོད་པ་དགོས། ཡིག་གཟུགས་སྨོན་ལམ་དབུ་ཆེན་གསར་པ་monlam uni ouchen 2 ཡིག་གཟུགས་ཆེ་ཆུང་ ༡༥ དང་། མཐའ་ཐིག་སྟོང་ཆ་ཡོངས་གྲགས་ལྟར་འཇོག་དགོས།
༣༽ རིས་མེད་སློབ་དཔོན་གྱི་ལག་ཁྱེར་གནང་ཕྱོགས་སྐོར།
རིས་མེད་སློབ་དཔོན་ལོ་བཞིའི་སློབ་ཚན་ཡོངས་རྫོགས་སློབ་གཉེར་ལེགས་པར་བགྱིས་ཏེ་རིས་མེད་སློབ་དཔོན་ལོ་རིམ་སོ་སོའི་རྒྱུགས་སྤྲོད་ལེགས་པར་འཕྲོད་པའི་ཐོག་དཔྱད་རྩོམ་ཡང་རྒྱུགས་སྤྲོད་ལྟར་ལེགས་པར་འཕྲོད་ན་རིས་མེད་སློབ་དཔོན་ཆེན་པོའི་ལག་ཁྱེར་གནང་གི་ཡོད། རིས་མེད་སློབ་དཔོན་ཆེན་པོའི་ལག་ཁྱེར་དེ་ནི་རྒྱ་གར་གནང་གི་མཐོ་སློབ་ཚད་ལྡན་ཁག་གི་ M. phil. Degree དང་མཉམ་པ་ཡིན།


