བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་གི་སློབ་ཟུར་རིས་མེད་བླ་སྤྲུལ་རྣམ་པ་དང་། བྱ་བྲལ་བ་རྣམ་པ། སྤྱི་ཚོགས་ནང་མཛད་རྗེས་གཟེངས་སུ་ཐོན་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས།

དང་པོ། བླ་སྤྲུལ་དང་སྤྱི་ཚོགས་ནང་མཛད་རྗེས་གཟེངས་སུ་ཐོན་པའི་ངོ་སྤྲོད་མདོར་བསྡུས།

༡༽ ༸སྐྱབས་རྗེ་ལོ་ཆེན་རིན་པོ་མཆོག་ནི་སྤི་ཏེ་སྐྱིད་དགོན་པའི་དགོན་བདག་ཡིན།
H.E. Lochen Tulku is the Spiritual Head and the Director of Kyi Monastery in Spiti valley, Himachal Pradesh.

༢༽ སྐྱབས་རྗེ་ཚེ་མཆོག་གླིང་རིན་པོ་ཆེ་མཆོག་ནི་རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་སྡེ་ཚན་གྱི་ཚོགས་གཙོ་དང་དྲུང་ཆེ་གཅིག་ལྕོགས་དང། སི་ཀིམ་གཞུང་གི་ལས་བྱེད་སྡེ་ཚན་དང་འོས་བསྡུའི་འགན་འཛིན་བཅས་ཀྱི་ཐུགས་འགན་བཞེས་མྱོང་ཡོད།
H.E. Tsechokling Rinpoche is an IAS Commissioner cum Secretary, Dept of Personnel and Chief Electoral Officer, Election Department, Govt of Sikkim.

༣༽ སྐྱབས་རྗེ་ཤྲཱྀ་ཆུ་བཟང་རིན་པོ་ཆེ་མཆོག་ནི་བལ་ཡུལ་ཆུ་བཟང་དགོན་པའི་དགོན་བདག་ཡིན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་གནང་མྱོང་ཞིང། བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་སློབ་སྟོན་པའི་ཐུགས་འགན་ཡང་བཞེས་མྱོང་ཡོད།
H.E. Chusang Rinpoche is the spiritual head of Chusang monastery in Kathmandu, Nepal. He was President and Vice-president of the International Gelug Society. He also served as an advisor to Gelug Society.

༤༽ ༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་ནི་སྔ་འགྱུར་རྙིང་མའི་བླ་ཆེན་ཞིག་ཡིན་པ་མ་ཟད་རྫོགས་ཆེན་དགོན་པའི་དགོན་བདག་ཀྱང་ཡིན།
H.E. Dzogchen Rinpoche is the head of Dzogchen Monastery, one of the six great monasteries of the Nyingma tradition and Dzogchen lineage (Great Perfection)

༥༽ དགེ་བཤེས་གུ་རུ་རིན་པོ་ཆེ་མཆོག་ནི་དགའ་ལྡན་ཕོ་བྲང་དུ་ལོ་མང་ཕྱག་ལས་གནང་བ་དང་། དེ་རྗེས་རྟ་དབང་དགོན་པའི་མཁན་པོ་ཡང་གནང། ད་ལྟ་འབུམ་སྡེ་ལའི་ཐེག་མཆོག་དགའ་ཚལ་གླིང་དགོན་པའི་ཐུགས་འགན་བཞེས་མུས་ཡིན། ཕྱི་ལོ་ ༢༠༢༢ ལོར་རྒྱ་གར་ཆེས་མཐོའི་གཟེངས་རྟགས་པདྨ་ཤྲཱྀ་ཡང་ཐོབ་ཡོད།
Ven. Geshe Guru Rinpoche served as Abbot of Tawang Monastery in Arunachal Pradesh. He is the Spiritual Head of the Theckchok Gatseling Monastery in Bomdila, A.P. and recipient of the prestigious Padma Shri award in 2022.

༦༽ ཞིང་གཤེགས་༸སྐྱབས་རྗེ་རྨོག་ལྕོག་རིན་པོ་མཆོག་ནི་ཧྥ་རན་སིའི་བོད་ཀྱི་ནང་པའི་རིག་གཞུང་ལྟེ་གནས་ཁང་དང་། བརྩེ་ཆེན་ཀུན་ཁྱབ་ཚོགས་པའི་དབུ་འཛིན་གྱི་ཐུགས་འགན་བཞེས་མྱོང་ཡོད།
Late Ven. Mogchok Rinpoche was the Director of Tibetan Buddhist Association in France.

༧༽ སྐྱབས་རྗེ་དགེ་བཤེས་ཁང་སེར་རིན་པོ་ཆེ་མཆོག་ནི་སེར་བྱེས་གྲྭ་ཚང་དུ་གཞུང་ཆེན་དཔེ་ཁྲིད་དགེ་རྒན་གནང་མྱོང་བ་དང། བལ་ཡུལ་དུ་དགོན་པ་གསར་བཞེངས་དང་། ཝིཏནམ་དུ་ཆོས་ཚོགས་གསར་འཛུགས་ཞུས་ཏེ་ཐུགས་འགན་བཞེས་མུས་ཐོག།དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་བླ་མ་དབུ་མཛད་ཀྱི་ཐུགས་འགན་ཡང་བཞེས་མུས་ཡིན།
H.E. Geshe Khangser Rinpoche has served as spiritual teacher at Sera Jey Monastic University in Bylakuppe, Karnataka. He founded a Buddhist centre in Vietnam and is currently Vice Abbot of Gyutoe Tantric Monastery.

༨༽ དཔལ་ས་སྐྱའི་སྤྲུལ་སྐུ་འཇམ་དབྱངས་རིན་པོ་ཆེ་མཆོག་ནི་རིགས་སློབ་ནས་དབུ་མ་རབ་འབྱམས་པའི་བསླབ་པ་མཐར་སོན་ཏེ་བལ་ཡུལ་དུ་དད་ལྡན་མི་མང་རྣམས་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ངོ་སྤྲོད་གནང་བཞིན་ཡོད་པ་མ་ཟད། བལ་ཡུལ་ནང་ཆོས་ངོ་སྤྲོད་ཚོགས་པའི་ཚོགས་གཞོན་གྱི་ཐུགས་འགན་བཞེས་མུས་ཡིན།
Ven. Jamyang Rinpoche (a master from Sakya tradition) is a graduate of Madhyamika class. Currently he serves as the Vice-Chairman of the Society for Introduction of Buddhism in Nepal.

༩༽ དགེ་བཤེས་ཀུན་བརྩེ་རིན་པོ་ཆེ་མཆོག་ནི་བལ་ཡུལ་དགའ་ལྡན་ཆུ་དབར་འགྲོ་ཕན་གླིང་དགོན་པའི་དགོན་བདག་ཡིན་པ་མ་ཟད་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་ཡང་བཞེས་མྱོང་ཡོད།
Ven. Geshe Kuntse Rinpoche is the spiritual head of Chuwar Dophen Ling Monastery and also serves as the President of Gelug Society, Nepal.

༡༠༽ དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་སྤྲུལ་སྐུ་༸སྐྱབས་རྗེ་ཆོས་མགོན་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་རྒྱ་མཚོ་མཆོག་ནི་འབྲུག་པ་བཀའ་བརྒྱུད་ཀྱི་བླ་ཆེན་ཞིག་ཡིན་ཞིང་རིགས་སློབ་ཏུ་ལོ་ངོ་གསུམ་ཙམ་རིང་དངོས་སྦྱོང་སློབ་མ་གནང་ཞིང་དེ་རྗེས་ཟུར་སྦྱོང་ཐོག་ནས་སློབ་གཉེར་ལེགས་པར་གནང། ལྷག་པར་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཧིན་སྐད་གསུང་སྒྱུར་གྱི་ཞབས་ཞུ་ཡང་བསྒྲུབས་ཡོད། ད་ལྟའི་ཆར་ལྡེ་ར་ལྡུན་བདེ་ཆེན་ཆོས་འཁོར་གླིང་དགོན་པའི་ཐུགས་འགན་བཞེས་མུས་ཡིན།
H.E. Chogon Rinpoche Tenzin Chokyi Gyatso is the Head Lama of Dechen Chokhorling Monastery in Dehradun. Rinpoche studied full time for three years and then continued as a casual student. Rinpoche also served as the Hindi translator of H.H. the Dalai Lama.

༡༡༽ སྔ་འགྱུར་རྙིང་མའི་སྤྲུལ་སྐུ་སྐྱབས་རྗེ་ལྕགས་ཟམ་གྲུབ་ཐོབ་རིན་པོ་ཆེ་མཆོག་ནི་རིགས་སློབ་ནས་དབུ་མ་རབ་འབྱམས་པ་མཐར་སོན། ད་ལྟའི་ཆར་འབྲུག་ཡུལ་དུ་ཆོས་ཀྱི་མཛད་པ་སྐྱོང་བཞིན་བཞུགས་མུས་ཡིན།
H.E. Chagsam Drupthop Rinpoche of the Nyingma tradition graduated with Master of Madhyamika degree certificate. He is currently a Dharma teacher in Bhutan.

༡༢༽ དགེ་བཤེས་བྱེ་མ་སྤྲུལ་སྐུ་བསྟན་འཛིན་དཔལ་ལྡན་ཡེ་ཤེས་ལགས་ནི་ཁམས་གོ་བོ་རོང་བསམ་འགྲུབ་ཐུབ་བསྟན་ཉི་ཤར་གླིང་དགོན་པའི་དགོན་བདག་ཡིན་ཞིང། རིགས་སློབ་ནས་རིས་མེད་དགེ་བཤེས་ཀྱི་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་བཞེས། དེ་རྗེས་ཨ་རིའི་ཧ་ཝར་ཊེ་གཙུག་ལག་སློབ་གཉེར་ཁང་ནས་ཆོས་ལུགས་དང་ཤེས་ཡོན་གྱི་སྐོར་ལ་སློབ་གཉེར་གནང་ཡོད།
Ven. Geshe Jema Tulku Tenzin Palden Yeshi is the spiritual head of Gowo Rong Samdup Thupten Nyisar Monastery. He graduated with Rime Geshe degree and continued his studies at Harvard University.

༡༣༽ ༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་ནི་སྟག་ལུང་བཀའ་བརྒྱུད་ཀྱི་བླ་ཆེན་གསུམ་གྱི་ནང་ནས་གཅིག་ཡིན། ད་ལྟའི་ཆར་བལ་ཡུལ་སྤོག་ར་དཔལ་སྟག་ལུང་རྡོ་རྗེ་གདན་སྡོམ་གསུམ་འདུས་པ་རྒྱ་མཚོའི་གླིང་གསར་བཞེངས་གནང་སྟེ་དེའི་ཐུགས་འགན་བཞེས་མུས་ཡིན།
H.E. Taklung Matrul Rinpoche is one of the three Head Lamas’ of the Taklung Kargyud Sect of Kargyud tradition. Rinpoche founded the Taklung Dorjedhen Domsum Duepa Gyatso Ling Monastery in Pokhara, Nepal and administers it.

༡༤༽ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཨ་ལགས་མཁན་པོ་བསྟན་འཛིན་རྒྱ་མཚོ་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་རིས་མེད་དགེ་བཤེས་ཀྱི་ཕྱག་ཁྱེར་བཞེས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་ཚབ་དང་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་གཙོ་ཡང་གནང་མྱོང། ད་ལྟའི་ཆར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་གཞུང་ཆེན་དཔེ་ཁྲིད་སློབ་དཔོན་གནང་བཞིན་བཞུགས་ཡོད།
Ven. Rime Geshe Alak Khenpo Tenzin Gyatso served as the officiating Abbot of Kirti Monastery and the Chairman of Kirti Charitable Society. Rinpoche currently teaches Buddhist Philosophy at Kirti Monastery.

༡༥༽ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཨ་ལགས་སྨོན་ལམ་རིན་པོ་ཆེ་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་ཕར་ཕྱིན་རབ་འབྱམས་པའི་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་ཐོབ་ཡོད། ད་ལྟའི་ཆར་ཕྱི་རྒྱལ་དུ་བཞུགས་ཡོད།
Ven. Alak Monlam Rinpoche is a Prajanparamita graduate and currently lives overseas.

༡༦༽ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ནི་རིགས་སློབ་ནས་རིས་མེད་དགེ་བཤེས་ཀྱི་ཕྱག་ཁྱེར་བཞེས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་ཚབ་ཀྱང་གནང་མྱོང། ད་ལྟའི་ཆར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་གཞུང་ཆེན་དཔེ་ཁྲིད་ཀྱི་སློབ་དཔོན་གནང་བཞིན་བཞུགས་ཡོད།
Ven. Rime Geshe Alak Jetul Lodoe Choesang served as the officiating Abbot of Kirti Monastery. Rinpoche currently teaches Buddhist Philosophy at Kirti Monastery and often presented academic papers in Tibetan Studies conferences.

༡༧༽ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཨ་ལགས་བཟོད་པ་ཆོས་འབྱོར་རིན་པོ་ཆེ་ལགས་ནི་རིགས་སློབ་ཏུ་ལོ་ངོ་བཞིའི་རིང་དངོས་སྦྱོང་སློབ་མའི་ཐོག་ནས་སློབ་གཉེར་གནང། དེ་རྗེས་ཟུར་སྦྱོང་སློབ་མའི་ཐོག་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་བཅས་ལ་སློབ་གཉེར་ལེགས་པར་གནང། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་ཚབ་ཀྱང་གནང་མྱོང། ད་ལྟའི་ཆར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་བཞུགས་མུས་ཡིན།
Ven. Alak Soepa Choejor Rinpoche studied Great Treatises as a full time student for four years and continued his studies as casual student. Rinpoche served as the officiating Abbot of Kirti Monastery and currently based in Kirti Monastery.

༡༦༽ མཚམས་སྤྲུལ་རིན་པོ་ཆེ་བློ་བཟང་ཆོས་རྒྱལ་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་རིས་མེད་དགེ་བཤེས་ཀྱི་ཕྱག་ཁྱེར་བཞེས་ཤིང། ད་ལྟའི་ཆར་བཞུགས་སྒར་དུ་ཕྱི་རྒྱལ་གྱི་མི་རིགས་རྣམས་ལ་ནང་ཆོས་སློབ་ཁྲིད་གནང་སྟེ་བཞུགས་ཡོད།
Ven. Rime Geshe Tsamtul Rinpoche Lobsang Choegyal is a Dharma teacher teaching Foreigners in Dharamsala.

༡༩༽ དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་སྤྲུལ་སྐུ་སོ་མང་རིན་པོ་ཆེ་ངག་དབང་ཡེ་ཤེས་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་དབུ་མ་རབ་འབྱམས་པ་སློབ་མཐར་སོན། ད་ལྟའི་ཆར་བུན་དྷར་དུ་བདེ་ཆེན་ཆོས་འཁོར་གླིང་དགོན་པའི་འཛིན་སྐྱོང་གི་ཐུགས་འགན་བཞེས་མུས་ཡིན།
Ven. Tulku Somang Rinpoche of the Drupa Kagyue tradition is a Madhyamika graduate. Rinpoche is currently taking responsibility of Dechen Choekhor Ling Monastery in Buntar, Himachal Pradesh.

༢༠༽ མ་གཅིག་ཕུག་པ་སྤྲུལ་སྐུ་ཚེ་དབང་རྟ་མགྲིན་རིན་པོ་ཆེ་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་ཕར་ཕྱིན་རབ་འབྱམས་པ་སློབ་མཐར་སོན། ད་ལྟའི་ཆར་བལ་ཡུལ་དང་ཕྱི་རྒྱལ་ཁག་ཏུ་དད་ལྡན་རྣམས་ལ་གཅོད་སྐོར་སློབ་ཁྲིད་གནང་བཞིན་བཞུགས་ཡོད།
Ven. Machik PhukpaTulku Tsewang Tamdin Rinpoche is a Prajnaparamita graduate. Presently he is teaching Chod in Nepal and overseas.

༢༡༽ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཨ་ལགས་བློ་བཟང་སྦྱིན་པ་རིན་པོ་ཆེ་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་ཕར་ཕྱིན་རབ་འབྱམས་པའི་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་ཐོབ་ཡོད། ད་ལྟའི་ཆར་ཕྱི་རྒྱལ་དུ་བཞུགས་ཡོད།
Ven. Alak Lobsang Jinpa Rinpoche, is a Prajnaparamita graduate and currently lives overseas.

༢༢༽ ལོ་ཏོག་སྤྲུལ་སྐུ་བྱམས་པ་འཕྲིན་ལས་ཀུན་ཁྱབ་རིན་པོ་ཆེ་ལགས་ནི་རིགས་སློབ་ནས་རིས་མེད་དགེ་བཤེས་ཀྱི་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་བཞེས། ད་ལྟའི་ཆར་མོན་ཡུལ་དུ་བཞུགས་ཡོད།
Ven. Lotok Tulku Jampa Thinlay Rinpoche, is a Rime Geshe graduate. Presently he travels to teach Buddhism and oversees the spiritual activies in Tawang, Arunachal Pradesh.

༢༣༽ སྔ་འགྱུར་རྙིང་མའི་སྤྲུལ་སྐུ་གཏེར་སྟོན་རིན་པོ་ཆེ་ནི་རིགས་སློབ་ཏུ་ལོ་ངོ་བདུན་ཙམ་རིང་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་ལེགས་པར་གནང་སྟེ་ཕར་ཕྱིན་རབ་འབྱམས་པ་སློབ་མཐར་སོན་ཡོད།
Ven. Terton Rinpoche of the Nyingma tradition is a Prajnaparamita graduate.

༢༤༽ དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲུལ་སྐུ་རང་གྲོལ་ཡེ་ཤེས་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་དབུ་ཕར་གྱི་གཞུང་ལུགས་ཁག་ལ་སློབ་གཉེར་མཐར་ཕྱིན་པ་གནང་སྟེ་དབུ་ཕར་རབ་འབྱམས་པའི་ཕྱག་ཁྱེར་ཐོབ་ཡོད།
Ven. Tulku Rangdol Yeshi of the Drigung Kagyue Tradition is a graduate of both Prajanaparamita and Madhyamika. He is currently continuning his studies.

༢༥༽ ༸སྐྱབས་རྗེ་གསེར་ཀོང་མཚན་ཞབས་རིན་པོ་ཆེ་མཆོག་ནི་སྤི་ཏི་ཏ་པོ་དགོན་པའི་དགོན་བདག་ཡིན་ཞིང། རིགས་ལམ་སློབ་གཉེར་ཁང་ནས་དབུ་མ་རབ་འབྱམས་པའི་ཕྱག་ཁྱེར་བཞེས་ཡོད།
H.E. Serkong Tsenshap Rinpoche is the spiritual head of Tabo Monastery in Spiti, Himachal Pradesh. He is a Madhyamika graduate and travels extensively teaching Buddhism.

༢༦༽ སྔ་འགྱུར་རྙིང་མའི་སྤྲུལ་སྐུ་སྙིང་རི་རིན་པོ་ཆེ་ལགས་ནི་རིགས་སློབ་ཏུ་ལོ་ངོ་བདུན་ཙམ་རིང་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་ལེགས་པར་གནང་ཡོད།
Ven. Nyingri Rinpoche of the Nyingma Tradition studied the great Treatise of Buddhist Philosophy for 7 years.

༢༧༽ བཀའ་བརྒྱུད་ཀྱི་སྤྲུལ་སྐུ་ལུང་རྟོགས་རིན་པོ་ཆེ་ལགས་ནི་རིགས་སློབ་ཏུ་ལོ་ངོ་གསུམ་ཙམ་རིང་གཞུང་ཆེན་ལ་ཐོས་བསམ་སློབ་གཉེར་གནང་ཡོད། དེ་རྗེས་ཚུར་ཕུ་བླ་བྲ་དུ་ཕྱག་ལས་གནང་ཡོད།
Ven. Lungtok Rinpoche a Kagyue Lama. He studied the great Treatise of Buddhist philosophy for 3 years.

༢༨༽ སྤྲུལ་སྐུ་བསྟན་འཛིན་ཐོས་བསམ་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་དབུ་མ་རབ་འབྱམས་པ་སློབ་མཐར་སོན་ཡོད། ད་ལྟའི་ཆར་འཇར་མན་བོད་ཁང་དུ་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན།
Ven. Tulku Tenzin Thoesam is a Madhyamika graduate. Currently he is the head of Tibet House, Frankfurt, Germany.

༢༩༽ ༸སྐྱབས་རྗེ་སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག་ནི་སྟག་ལུང་བཀའ་བརྒྱུད་ཀྱི་བླ་ཆེན་གསུམ་གྱི་ནང་ཚན་ཞིག་ཡིན། རིགས་ལམ་སློབ་གཉེར་ཁང་ནས་ཕར་ཕྱིན་དང་དབུ་མ་རབ་འབྱམས་པའི་ཕྱག་ཁྱེར་བཞེས་ཡོད།
H.E. Taklung Shabdrung Rinpoche is one of the three head lamas of the Taklung Kagyud sect of the Kagyud tradition of Tibetan Buddhism. He is a graduate of both Prajnaparamita and Madhyamika.

༣༠༽ སྤྲུལ་སྐུ་ཕུན་ཚོགས་ཚེ་བརྟན་ལགས་ནི་རིགས་ལམ་སློབ་གཉེར་ཁང་དུ་ལོ་ངོ་བདུན་ཙམ་རིང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟེ་ཕར་ཕྱིན་རབ་འབྱམས་པ་སློབ་མཐར་སོན་ཡོད།
Ven. Tulku Phuntsok Tsetan Rinpoche is a Prajnaparamita graduate.

༣༡༽ སྤྲུལ་སྐུ་བསྟན་འཛིན་ཕུལ་བྱུང་ལགས་ནི་རིགས་ལམ་སློབ་གཉེར་ཁང་དུ་ལོ་ངོ་བདུན་ཙམ་རིང་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་ལེགས་པར་གནང་སྟེ་ཕར་ཕྱིན་རབ་འབྱམས་པ་སློབ་མཐར་སོན་ཡོད།
Ven. Tulku Tenzin Phuljung Rinpoche is a Prajnaparamita graduate.

གསལ་བཤད་སྤྱིར་རིགས་ལམ་སློབ་གཉེར་ཁང་དུ་དངོས་གཞིའི་སློབ་མ་དང་ཟུར་སྦྱོང་སློབ་མའི་བླ་སྤྲུལ་དུ་མ་ཞིག་བྱུང་ཡོད་ཀྱང་འདིར་གང་རྙེད་ཀྱི་སྐུ་པར་དང་ངོ་སྤྲོད་མདོར་བསྡུས་རེ་བཅས་དཔེ་མཚོན་དུ་བཀོད་ཡོད་ཅིང་། འཛིན་གྲྭའི་གོ་རིམ་ལྟར་བསྒྲིགས་ཡོད་པས་དེ་དོན་དགོངས་མངའ་ཡོད་པར་ཞུ།

གཉིས་པ། བྱ་བྲལ་བ་རྣམ་པ་དང་སྤྱི་ཚོགས་ནང་མཛད་རྗེས་གཟེངས་སུ་ཐོན་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས།

༡༽ རྒན་བཀྲ་ཤིས་དོན་གྲུབ་ལགས་ནི་རིགས་སློབ་ནས་སློབ་གཉེར་གྲུབ་མ་ཐག་བྱ་བྲལ་དུ་ཕེབས། ད་ལྟའང་བྱ་བྲལ་དུ་བཞུགས་མུས་ཡིན།
Ven. Tashi Dhondup went to retreat after finishing his studies. He is still in retreat.

༢༽ དགེ་བཤེས་ཐུབ་བསྟན་དབང་རྒྱལ་ལགས་ནི་ཚེ་མཆོག་གླིང་གི་མཁན་ཁྲིར་ཕེབས་མྱོང་ཞིང། ད་ལྟ་བྱ་བྲལ་དུ་བཞུགས་མུས་ཡིན།
Ven. Geshe Thupten Wangyal served as the Abbot of Tsechokling Monastery, Dharamsala. Currently he is in retreat.

༣༽ རྒན་བློ་བཟང་བསྟན་པ་ལགས་ནི་རིགས་སློབ་ནས་སློབ་གཉེར་གྲུབ་མ་ཐག་བྱ་བྲལ་དུ་ཕེབས། ད་ལྟའང་བྱ་བྲལ་དུ་བཞུགས་མུས་ཡིན།
Ven. Lobsang Tenpa went to retreat after finishing his studies and is still in retreat.

༤༽ དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ནི་རིགས་སློབ་ཀྱི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དགེ་རྒན་དང་། སློབ་སྤྱི་གཞོན་པ། སློབ་སྤྱི་བཅས་ཀྱི་ཕྱག་ལས་ལོ་མང་གནང། ད་ལྟའི་ཆར་བྱ་བྲལ་དུ་བཞུགས་མུས་ཡིན།
Ven. Geshe Jampal Dakpa served as the Principal and teacher at the CHTS, Sarah. Currently he is in retreat.

༥༽ དགེ་བཤེས་རྒྱལ་མཚན་དོན་ཡོད་ལགས་ནི་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལྟ་གྲུབ་དགེ་རྒན་གྱི་ཕྱག་ལས་ལོ་མང་གནང་ཞིང། ད་ལྟ་བྱ་བྲལ་དུ་བཞུགས་ཡོད།
Ven. Geshe Gyaltsen Dhonyoe served as Culture teacher at the Sherab Gatsel Lobling School, Khanyara for many years. Currently he is in retreat.

༦༽ བསྟན་འཛིན་ཚེ་དགའ་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་དབུ་ཕར་གཉིས་ལ་སློབ་གཉེར་མཐར་ཕྱིན་གནང་རྗེས་བལ་བོད་ས་མཚམས་ལ་ཕྱི་རུ་བྱ་བྲལ་དུ་བཞུགས་མུས་ཡིན།
Ven. Tenzin Tsega is a graduate of both Madhyamika and Prajnaparamita. After graduating he went into retreat at the border of Tibet and Nepal and is still in retreat.

གསུམ་པ། སྤྱི་ཚོགས་ནང་མཛད་རྗེས་གཟེངས་སུ་ཐོན་པའི་སློབ་ཟུར་རྣམ་པའི་ངོ་སྤྲོད་མདོར་བསྡུས།

༡༽ བཀའ་ཟུར་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནི་བཙན་བྱོལ་སྒྲིག་འཛུགས་ནང་དྲུང་ཆེ་དང་དོན་གཅོད། ཆོས་ཤེས་ཀྱི་བཀའ་བློན་བཅས་ཀྱི་ཐུགས་འགན་བཞེས་མྱོང་ཞིང་ད་ལྟའི་ཆར་བགྲེས་ཡོལ་དུ་བཞུགས་ཡོད།
Ven. Karma Gelek Youthok was the Minister of the Department of Religion and Culture and the Department of Education of the Central Tibetan Administration. He also served as CTA’s secretary and representative of the Office of Tibet in Japan. He is now retired.

༢༽ དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ནི་རིགས་ལམ་སློབ་གཉེར་ཁང་གི་དྲུང་ཆེ་དང་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ། རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་བཅས་ལོ་ངོ་ ༣༣ རིང་ཞབས་ཞུ་བསྒྲུབས་ཡོད། དེའི་རིང་བཙན་བྱོལ་སྒྲིག་འཛུགས་ཀྱི་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དུ་ལོ་ངོ་བཅུ་ཙམ་རིང་ཕྱག་ལས་གནང་བ་མ་ཟད་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་ཐུགས་འགན་ཡང་བཞེས་མྱོང་ཡོད། ད་ལྟའི་ཆར་བགྲེས་ཡོལ་དུ་བཞུགས་ཡོད།
Ven. Geshe Kalsang Damdul was the Director of the Institute of Buddhist Dialectics. He served as a member of the Public Service Commission and also as a member of Tibetan parliment for the Central Tibetan Administration. He is now retrired.

༣༽ རྒན་ནོར་བུ་དོན་ལྡན་ལགས་ནི་དཔལ་ལྡན་སྐུ་སྒེར་ཡིག་ཚང་དུ་ལོ་ངོ་ ༢༠ ལྷག་གི་རིང་ཕྱག་ལས་གནང་བ་དང་། དེ་རྗེས་བཙན་བྱོལ་སྒྲིག་འཛུགས་ནང་ལོ་ངོ་བརྒྱད་ལྷག་ཞབས་ཕྱི་ཞུས། ཕྱི་ལོ་ ༢༠༡༤ ལོར་བགྲེལ་ཡོལ་དུ་ཕེབས། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༢ ཚེས་ ༤ ཉིན་སྐུ་ཚེའི་འཕེན་པ་རྫོགས།
Late Ven. Norbu Dhonden served as the Secretary of the Department of Religion and Culture for the Central Tibetan Administration. He worked in His Holiness’s office for 20 years. Now he is retired.

༤༽ དགེ་བཤེས་པདྨ་རྡོ་རྗེ་ལགས་ནི་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་གནང་མྱོང་། ད་ལྟའི་ཆར་བལ་ཡུལ་སྤོ་རོང་དཔལ་མོ་ཆོས་ལྡིང་དགོན་གྱི་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན།
Ven. Geshe Pema Dorjee served as the Director of the Tibetan Childrens Village in Dharamsala. He also served as the Principal of College for Higher Tibetan Studies, Sarah in Dharamsala an undertaking by the Institute of Buddhist Dialectics.

༥༽ དགེ་བཤེས་རྒྱ་མཚོ་ལགས་ནི་སྐབས་དང་པོའི་དགེ་རྒན་འོས་སྦྱོང་གི་སློབ་དགེ་དང་རིགས་ལམ་སློབ་གཉེར་ཁང་དུ་ནང་པའི་ལྟ་གྲུབ་ཐོག་གཙུག་ལག་སློབ་དཔོན་གྱི་ཐུགས་འགན་བཞེས། ད་ལྟའི་ཆར་རིགས་སློབ་བགྲེས་ཡོལ་ཁང་དུ་བཞུགས་ཡོད།
Ven. Geshe Gyatso was a teacher of the first Teacher Training Course and also served as a Professor of Buddhist philosophy at the Institute of Buddhist Dialectics, Dharamsala. He is retired now.

༦༽ རྒན་པདྨ་རིག་འཛིན་ལགས་ནི་དཔལ་ལྡན་སྐུ་སྒེར་ཡིག་ཚང་དུ་ལོ་མང་ཕྱག་ལས་གནང་བ་དང། དེ་རྗེས་ནོར་གླིང་བོད་ཀྱི་མཐོ་སློབ་ཁང་གི་སློབ་སྤྱི་དང་༸རྒྱལ་བའི་མཛད་རྣམ་སྡེ་མཚན་དུ་ཕྱག་ལས་གནང། ད་ལྟའི་ཆར་རྫོགས་ཆེན་དགོན་དུ་དྲུང་ཆེའི་ཕྱག་ལས་གནང་མུས་ཡིན།
Ven. Pema Rigzin served as the Principal of Norbu Lingka Institute. He also worked for the Office of His Holiness the Dalai Lama for many years. Presently he is the Secretary of Dzogchen Monastery, South India.

༧༽ རྒན་བསྟན་འཛིན་སྟོབས་རྒྱས་ལགས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པའི་ཕྱག་ལས་གནང་བ་དང། ད་ལྟའི་ཆར་རིགས་ལམ་སློབ་གཉེར་ཁང་གི་དྲུང་ཆེའི་ཐུགས་འགན་བཞེས་མུས་ཡིན།
Ven. Tenzin Topgyal is the General Secretary of the Institute of Buddhist Dialectics. He also served as Deputy Secretary of the Department of Religion and Culture of the Central Tibetan Administration.

༨༽ དགེ་བཤེས་བསོད་ནམས་རྒྱལ་མཚན་ལགས་ནི་ཕྱི་ལོ་ ༡༩༨༣ ལོར་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་ལྟར་ཉི་ཧོང་དུ་ཕེབས། ཉི་ཧོང་དོན་གཅོད་ཁང་དུ་ལོ་དྲུག་རིང་ཆོད་གན་ཐོག་ཞབས་ཕྱི་ཞུས། ཕྱི་ལོ་ ༡༩༩༨ ལོར་ཉི་ཧོང་དུ་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་པོ་ཏ་ལ་མཐོ་སློབ་གསར་འཛུགས་བསྐྱངས།
Ven. Geshe Sonam Gyaltsen went to Japan in 1983 as per order of the Office of His Holiness the Dalai Lama and served in the Office of Tibet there for 6 years. He founded the Tibetan buddhist center Potala College in Japan in 1998.

༩༽ དཀོན་མཆོག་སྲི་ཐར་ལགས་ནི། ཕྱི་ལོ་ ༡༩༨༣ ལོར་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་ཉི་ཧོང་དུ་ཕེབས་ཏེ་ཉི་ཧོང་དོན་གཅོད་ཁང་དུ་ཆོད་གན་གྱི་ཐོག་ནས་ལོ་དྲུག་རིང་ཆོས་དང་རིག་གཞུང་གི་ལས་དོན་ལ་ཞབས་ཕྱི་ཞུས། ད་ལྟའི་ཆར་པོ་ཏ་ལ་མཐོ་སློབ་ནང་ཕྱག་ལས་གནང་མུས་ཡིན།
Konchok Sithar went to Japan in 1983 as per order of the Office of His Holiness the Dalai Lama, there he served at the Department of Religion and Culture in the Office of Tibet for 6 years. Presently he is teaching at Potala College.

༡༠༽ འབུམ་རམས་པ་དགེ་བཤེས་སངས་རྒྱས་བསམ་གྲུབ་ལགས་ནི་ཆོས་ལུགས་རིག་པའི་ཐོག་མཁས་དབང་ཞིག་ཡིན་ཞིང་ཨ་རིའི་ཝི་ལེམ་མཐོ་སློབ་ཀྱི་ཆོས་ལུགས་ཀྱི་སློབ་དཔོན་གནང་མུས་ཡིན།
Geshe Dr. George Dreyfus is a specialist in the history of religions and has been a professor of religion at Williams College in Massachusetts, USA.

༡༡༽ འབུམ་རམས་པ་བྱམས་པ་སྐལ་བཟང་ལགས་ནི་བོད་ཀྱི་ནང་ཆོས་དང་ཚན་རིག་ཐོག་མཁས་དབང་ཞིག་ཡིན་པ་མ་ཟད་ཨ་རིའི་མཐོ་སློབ་མང་པོ་ཞིག་གི་གདན་ཞུས་སློབ་དཔོན་ཡང་ཡིན་ཞིང། ཕྱི་ལོ་ ༢༠༠༣ ལོར་སེམས་ཁམས་རིག་པའི་ཆེད་སྦྱོང་སློབ་གཉེར་ཁང་ སན་ཊ བྷར་བྷ་ར་ཞེས་པ་ཞིག་གསར་འཛུགས་ཞུས་ཡོད།
Prof B. Alan Wallace is an expert on Tibetan Buddhism and is a visiting professor in numerous American universities. He founded Santa Barbara Institute for Consciousness Studies in 2003.

༡༢༽ དགེ་བཤེས་རྡོ་རྗེ་འགྱུར་མེད་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་བསླབ་པ་མཐར་སོན་རྗེས་སྦེལ་ཀོབ་བོད་ཁྱིམ་དུ་ལྟ་གྲུབ་དགེ་རྒན་གྱི་ཞབས་ཞུ་ལོ་མང་ཞུས། ད་ལྟའི་ཆར་༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན།
Ven. Geshe Dorje Gyurmey served at TCV Bylakuppe as a Buddhist Philosophy teacher afer completing his studies from the Institute of Buddhist Dialectics. Presently he is head of administration of the Dalai Lama College.

༡༣༽ ཚེ་དཔག་རིག་འཛིན་ལགས་ནི་རིགས་སློབ་ཏུ་ལོ་ངོ་དྲུག་ཙམ་རིང་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། དེ་རྗེས་བོད་ཀྱི་དཔེ་མཛོད་ཁང་དུ་ལོ་ངོ་བཅུ་ཙམ་རིང་ཉམས་ཞིབ་པ་དང་སྐད་སྒྱུར་གྱི་ཕྱག་ལས་གནང་། དེ་རྗེས་ལོ་ངོ་བཅུ་ཙམ་རིང་ཤེས་རིག་ ཁྱབ་ཁོངས་ཀྱི་གཏན་སློབ་ཁག་ཏུ་དགེ་རྒན་དང་སློབ་སྤྱི་སོགས་གནས་རིམ་འདྲ་མིན་གྱི་ཐོག་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭར་བོད་ཀྱི་སྐད་ཡིག་གི་དགེ་རྒན་གནང་མུས་ཡིན།
Tsepak Rigzin spent six years of rigorous study of classical Buddhist texts in IBD. For ten years, he worked as a researcher and translator in the library of Tibetan works and archives, followed by another decade of works in various positions such as rector, principal, teacher and administrator in CST school. Since 2009, he is teaching Tibetan language at the Emory University, Georgia, Atlanta, USA

༡༤༽ དགེ་བཤེས་ལྷག་རྡོར་ལགས་ནི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསུང་སྒྱུར་ལོ་མང་གནང་ཡོད། ད་ལྟའི་ཆར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན།
Ven. Geshe Lhakdor is the Director of the Library of Tibetan Works and Archives in Dharamsala, Himachal Pradesh. He served as the official English translator of His Holiness the 14th Dalai Lama for many years.

༡༥༽ འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ནི་ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་གྲྭའི་ཆོས་ལུགས་ཀྱི་ཉེ་བའི་གཙུག་ལག་སློབ་དཔོན་ཡིན་པ་མ་ཟད། ཨེ་མོ་རི་དང་བོད་ཀྱི་ཤེས་ཡོན་རྗེ་ལེན་གྱི་འགན་འཛིན་དང། ཨེ་མོ་རི་བོད་ཀྱི་ཚན་རིག་ཁང་དང་སྒོམ་སྦྱོང་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན།
Dr. Geshe Lobsang Tenzin Negi, is an Associate Professor in Emory University’s Department of Religion. He is co-founder and Director of the Emory-Tibet Partnership. He also serves as Co-Director of both the Emory-Tibet Science Initiative and the Emory Collaborative for Contemplative Studies.

༡༦༽ རྒན་ཚེ་རིང་རྡོ་རྗེ་ལགས་ནི་ཝར་ཎ་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་གནང་རྗེས་སུ་ཇཱ་བོད་ཁྱིམ་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་གནང་། དེ་རྗེས་བལ་ཡུལ་སྤོ་རོང་དཔལ་མོ་ཆོས་སྡིང་དགོན་གྱི་འཛིན་སྐྱོང་གི་ཐུགས་འགན་བཞེས། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡༢ ནང་སྐུ་ཚེའི་འཕེན་པ་རྫོགས།
Late Ven. Tsering Dorje taught in TCV School , Suja after completing his teacher training course from Central Institute of Tibetan Studies, Varanasi. Currently he is administrator at Porong Pelmo Choeding Monastery, Nepal.

༡༧༽ དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་ནི་བློ་གསལ་གླིང་སློབ་གྲྭའི་སློབ་སྤྱི་གནང་བ་དང། དེ་རྗེས་ཝར་ཎ་བོད་ཀྱི་མཐོ་སློབ་ཁང་དུ་རྒྱ་གཞུང་གི་སློབ་དཔོན་གནང་ཡོད་པ་མ་ཟད། ཨ་རིའི་ནོགསེ་ཝི་ལའི་ནང་ཆོས་ལྟེ་གནས་ཁང་གི་འགན་འཛིན་གྱི་ཐུགས་འགན་ཡང་བཞེས་ཡོད། ཕྱི་ལོ་ ༢༠༢༣ ལོར་སྐུ་ཚེའི་འཕེན་པ་རྫོགས།
Late Ven. Geshe Dadul Namgyal was the principal of Loseling school and he also served as a Professor of Indian Buddhist Philosophy at the Central Institute of Higher Tibetan Studies at Sarnath, Varanasi, India. He is the Spiritual Director of LSLK Tibetan Buddhist Center in Knoxville, USA.

༡༨༽ རྒན་ཐབས་མཁས་ལགས་ནི་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་སློབ་སྤྱིའི་ཐུགས་འགན་བཞེས་མུས་ཡིན།
Ven. Thabkhe is the Principal of Namgyal high school in Nepal.

༡༩༽ འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ནི་ཨ་རིའི་ཁེ་ལི་ཧྥོ་ནི་ཡའི་ཧྥ་ལར་ཊན་གཙུག་ལག་སློབ་གྲྭའི་སློབ་དཔོན་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་པའི་ཚོགས་མི་དང་ཚོགས་གཙོའི་ཕྱག་ལས་གནང་མྱོང་ཡོད།
Dr. Tenzin Dorjee is a Professor at California State University, Fullerton (CSUF), USA. He was appointed as the new Commissioner of US Commission on International Religious Freedom (USCIRF).

༢༠༽ འབུམ་རམས་པ་བསྟན་འཛིན་བློ་གསལ་ལགས་ནི། ནང་ཆོས་མཁས་དབང་ཞིག་ཡིན་ཞིང་ཁེ་ཎ་ཌའི་ལང་ག་རཱ་མཐོ་སློབ་ཏུ་སློབ་དགེ་གནང་མུས་ཡིན།
Dr. Gareth Sparham is a distinguished Buddhist scholar and teaches at Langara College in Vancouver, B.C, Canada.

༢༡༽ བསྟན་འཛིན་ཆོས་འཕེལ་ལགས་ནི་ཝ་ར་ཎ་སིའི་ལེགས་སྦྱར་གཙུག་ལག་སློབ་གྲྭའི་དགེ་རྒན་གྱི་ཕྱག་ལས་གནང་། ད་ལྟའི་ཆར་ཁུ་ནུར་བཞུགས་མུས་ཡིན།
Ven. Tenzin Choephel was lecturer at Sanskrit University, Varanasi.

༢༢༽ མཁན་པོ་བླ་མ་ཆོས་རྒྱ་མཚོ་ལགས་ནི་སོག་པོའི་ཨུ་ལཱན་བྷ་དར་གྱི་དགོན་པ་ཆེ་ཤོས་དགའ་ལྡན་ཐེག་ཆེན་གླིང་གི་མཁན་པོ་ནོ་མོན་ཧན་དང། སོག་པོ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་ཡང་བཞེས་མུས་ཡིན།
H.E. Khambo Lama Choi Jamts is the Chief Abbot of Gandan Theckchenling Monastery, the biggest monastery in Ulaanbaatar, Mongolia and he is the Chairman of Buddhist Society of Mongolia.

༢༣༽ ཀུན་ཏུ་བཟང་པོ་ལགས་ནི་སོག་ཡུལ་ཀུན་དགའ་ཆོས་གླིང་གི་མཁན་པོའི་ཐུགས་འགན་བཞེས་མུས་ཡིན།
Ven. Kuntu Sangpo is from Mongolia. He is Abbot of Kunga Choeling Monastery in Mongolia.

༢༤༽ རྒན་བཀྲ་ཤིས་རྣམ་རྒྱལ་ལགས་ནི་སྤི་ཏི་ཡར་རྒྱས་ཚོགས་པ་རིན་ཆེན་བཟང་པོ་ཐོག་མར་གསར་འཛུགས་གནང་མཁན་དང་སྤྱི་ཁྱབ་དྲུང་ཆེ། སྤི་ཏི་མུན་སེལ་སློབ་གྲྭ་གསར་འཛུགས་ཞུས་ཏེ་དབུ་འཛིན་བཅས་གནང་མུས་ཐོག་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་པདྨ་ཤྲཱྀ་ཡང་ཐོབ་ཡོད།
Ven. Tashi Namgyal is the founder and present General Secretary of Rinchen Zangpo Society for Spiti Development, of which the Munsel-Ling school is an initiative. He received the prestigious Padma Shri award.

༢༥༽ དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ནི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་ཐོག་མ་ཡིན་ཞིང། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། སྒོ་མང་གྲྭ་ཚང་དུ་ལོ་ངོ་དྲུག་ཙམ་རིང་ཕྱག་མཛོད་རྒན་པའི་ཐུགས་འགན་བཞེས། ད་ལྟའི་ཆར་བཞུགས་སྒར་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན།
Ven. Geshe Samten Gyatso is the first Headmaster of CHTS, Sarah. He received Geshe Lharampa degree from Drepung Gomang Monastery and served as senior treasurer in Drepung Gomang for 6 years. Currently he is the Director of Institute of Buddhist Dialectics, Dharamsala, H.P.

༢༦༽ འབུམ་རམས་པ་ཀརྨ་ལེགས་བཤད་མཚོ་མོ་ལགས་ནི་ཨ་རིའི་སན་ཌི་ཡ་གོ་གཙུག་ལག་སློབ་གྲྭའི་སློབ་དཔོན་ཡིན་ཞིང་། རྒྱལ་སྤྱིའི་ནང་པའི་བུད་མེད་ཚོགས་པ་ཤཱཀྱ་དྷི་དྷ་གསར་འཛུགས་ཞུས་ཡོད།
Ven. Dr. Karma Lekshe Tsomo is a Professor at the University of San Diego, USA. She is co-founder of the Sakyadhita International Association of Buddhist Women.

༢༧༽ བསྟན་འཛིན་ཚེ་དཔག་ལགས་ནི་རིགས་སློབ་ཡིག་ཚང་དུ་ལོ་ངོ་བདུན་ཙམ་རིང་ཕྱག་ལས་གནང་། དེ་རྗེས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཞུང་འབྲེལ་དབྱིན་ཇིའི་གསུང་སྒྱུར་གནང་མུས་ཡིན།
Mr. Tenzin Tsepak is the official English translator of His Holiness the Dalai Lama. He worked in the IBD office for about 7 years.

༢༨༽ འབུམ་རམས་པ་ཐུབ་བསྟན་ཀུན་དགའ་ལགས་ནི་པོ་ལནྡེ་ཝར་སོ་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་དང། པོ་ལནྡེ་གྲངས་ཉུང་མི་རིགས་ཀྱི་བོད་ཀྱི་སྐུ་ཚབ་འཐུས་མི་ཡང་ཡིན།
Dr. Thupten Kunga is an Associate Professor at the Warsaw University, Poland. He is also the Representative of the Tibetan community in Poland.

༢༩༽ དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ནི་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་རྗེས་ལོ་ངོ་དྲུག་ཙམ་རིང་༸གོང་ས་མཆོག་གི་དབྱིན་ཇིའི་གསུང་སྒྱུར་ཞུས་ཡོད། ད་ལྟའི་ཆར་ལྡི་ལི་བོད་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན།
Ven. Geshe Dorji Damdul served as the official English translator of H.H. The 14th Dalai Lama after he received Geshe Lharampa degree. Currently he is the Director of Tibet House, Delhi and well known teacher.

༣༠༽ དགེ་བཤེས་བློ་བཟང་ཟླ་བ་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་རྗེས་ལོ་ངོ་ཉི་ཤུའི་རིང་རིགས་ལམ་སློབ་གཉེར་ཁང་གི་གཞུང་ཆེན་དཔེ་ཁྲིད་སློབ་དཔོན་གནང་བ་དང། ད་ལྟའི་ཆར་བལ་ཡུལ་ནང་ཆོས་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཡིན།
Ven. Geshe Lobsang Dawa taught the Great Treatise of Buddhist Philosophy for 20 years at the IBD after finishing his studies from the institute. Currently he is the Director of Buddhist Society in Nepal.

༣༡༽ བློ་བཟང་དོན་གྲུབ་ལགས་ནི་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དུ་དགེ་རྒན་དང་སློབ་སྤྱིའི་ཐུགས་འགན་བཞེས་མྱོང་ཡོད།
Lobsang Dhondup served as a Buddhist Philosophy teacher and Principal of Dolma Ling Nunnery, Norbulinga.

༣༢༽ འབུམ་རམས་པ་ཚེ་རིང་དབང་ཕྱུག་ལགས་ནི་ཨ་རིའི་སན་ཧྥེེ་རན་སེསེ་གཙུག་ལག་སློབ་གྲྭའི་ཆོས་ལུགས་རིག་པའི་སློབ་དཔོན་གྱི་ཕྱག་ལས་གནང་མུས་ཡིན།
Dr. Tsering Wangchuk is an Assistant Professor in the Department of Theology and Religious Studies at the University of San Francisco.

༣༣༽ ཐེ་ཝན་དགེ་བཤེས་ངག་དབང་བཀྲ་ཤིས་ལགས་ནི་༸གོང་ས་མཆོག་གི་རྒྱ་སྐད་གསུང་སྒྱུར་ཞུས་མྱོང་ཞིང། ད་ལྟ་ཐེ་ཝན་དུ་པཎྜི་ཏ་སྒྲ་སྒྱུར་ཚོགས་ཆུང་གི་ཐུགས་འགན་བཞེས་བཞིན་ཡོད།
Ven. Geshe Ngawang Tashi is from Tawain. He served as the official Chinese translator of H.H. The 14th Dalai Lama. Currently he is the head of Pandita Translation Group in Tawain.

༣༤༽ འབུམ་རམས་པ་མཆོག་བསྟན་འཛིན་སྨོན་ལམ་ལགས་ནི་འབྲས་སྤུངས་བློ་གླིང་སློབ་གྲྭའི་སློབ་སྤྱི་དང་བོད་གཞུང་དཔེ་མཛོད་ཁང་གི་ཉམས་ཞིབ་དང་སྒྲ་སྒྱུར་ཚན་པའི་འགན་འཛིན་གྱི་ཐུགས་འགན་བཞེས་མྱོང་ཡོད།
Dr. Chok Tenzin Monlam served as the Principal of Drepung Loling School and also the head of Research and Translation Department of the Library of Tibetan Works and Archives in Dharamsala.

༣༥༽ འབུམ་རམས་པ་འཇམ་དབྱངས་རིན་ཆེན་ལགས་ནི། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཞུང་འབྲེལ་རྒྱ་སྐད་གསུང་སྒྱུར་བ་ཡིན།
Dr. Jamyang Rinchen is from Taiwan. He is the official Chinese translator of His Holiness the 14th Dalai Lama.

༣༦༽ བརྩོན་འགྲུས་བསམ་འཕེལ་ལགས་ནི། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ལོ་ཙཱ་བ་དང་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ཀྱི་ལྟེ་གནས་ཁང་གི་སཱི་ཤེས་ཡོན་སློབ་གསོའི་འགན་འཛིན་ལས་རོགས་ཡིན།
Mr. Tsondue Samphel is a translator for the Emory-Tibet Science Initiative. He is also the Assistant director of SEE Learning, Center for Contemplative Science and Compassion based on Ethics at Emory University, USA

༣༧༽ དགེ་བཤེས་བསྟན་འཛིན་འགྱུར་མེད་ལགས་ནི་རིགས་ལམ་སློབ་གཉེར་ཁང་ནས་རིས་མེད་དགེ་བཤེས་ཀྱི་བསླབ་པ་མཐར་སོན། དེ་རྗེས་འདི་གར་ངོ་ལོ་བརྒྱད་ཙམ་གྱི་རིང་གཞུང་ཆེན་དཔེ་ཁྲིད་སློབ་དཔོན་གནང་ཡོད།
Ven. Geshe Tenzin Gyurmey served as a senior lecturer of Buddhist philosophy at the Institute of Buddhist Dialectics, Dharamsala.

༣༨༽ རིས་མེད་དགེ་བཤེས་མ་སྐལ་བཟང་དབང་མོ་ལགས་ནི་འཇར་མ་ནི་ནས་ཡིན་ཞིང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཇར་མན་གྱི་གསུང་སྒྱུར་ཞུ་མུས་ཡིན།
Ven. Geshe Kalsang Wangmo is from Germany. She is the German translator of His Holiness The 14th Dalai Lama and teachers Dharamsala. She also teaches Buddhist Philosophy course to the visiting Emory University students.

༣༩༽ དགེ་བཤེས་བཀྲ་ཤིས་བརྟེན་འབྲེལ་ལགས་ནི་སོག་ཡུལ་ནས་ཡིན་ཞིང། རིགས་ལམ་སློབ་གཉེར་ཁང་ནས་རིས་མེད་སློབ་དཔོན་གྱི་བསླབ་པ་མཐར་སོན། ད་ལྟ་སོག་ཡུལ་གྱི་དཔེ་ཐུབ་དགོན་པའི་མཁན་པོ་གནང་མུས་ཡིན།
Ven. Dashdemberel is from Mongolia. He is a Rime Lobon graduate. Currently he is Abbot of Bakula Rinpoche’s monastery, Spituk Monastery, Ulaanbaatar, Mongolia.

༤༠༽ བསྟན་འཛིན་སྒྲོན་མེ་ལགས་ནི་ཀོ་རི་ཡན་ཡིན་ཞིང་རིགས་སློབ་ནས་དབུ་མ་རབ་འབྱམས་པ་ཐོན། ༸སྤྱི་ནོར་༸གོང་ས་༸སྐྱབས་ཆེན་པོ་མཆོག་གི་ཀོ་རི་ཡའི་གསུང་སྒྱུར་ལོ་མང་ཞུས་མྱོང། ད་ལྟ་ཀོ་རི་ཡར་བཞུགས་མུས་ཡིན།
Tenzin Donme is Korean. She served as the Korean translator of H.H. The 14th Dalai Lama for many years. She has since returned to Korea.

༤༡༽ འབུམ་རམས་པ་ཤེས་རབ་བྱམས་པ་ལགས་ནི་ཀོ་རི་ཡ་ནས་ཡིན་ཞིང། ད་ལྟ་༸གོང་ས་མཆོག་གི་ཀོ་རི་ཡའི་གསུང་སྒྱུར་ཞུ་མུས་ཡིན།
Dr. Sherab Jampa is Korean. She is the Korean translator of H.H. The 14th Dalai Lama.

༤༢༽ རིས་མེད་དགེ་བཤེས་མ་བསྟན་འཛིན་དབྱངས་ཅན་ལགས་ནི་ཝེད་ནམ་ནས་ཡིན་ཞིང། ད་ལྟ་༸གོང་ས་མཆོག་གི་ཝེད་ནམ་གྱི་གསུང་སྒྱུར་ཞུ་མུས་ཡིན།
Ven. Geshe Tenzin Yangchen is Vietnamese. Currently she is the Vietnamese translator of His Holiness The 14th Dalai Lama.

༤༣༽ སྐུ་ཞབས་ཀེ་ལ་ཤེ་ལགས་ནི་རྒྱ་གར་བ་ཞིག་ཡིན་ཞིང། རིས་མེད་སློབ་དཔོན་འཛིན་གྲྭར་སློབ་གཉེར་གནང་བཞིན་ཡོད་པ་མ་ཟད། ༸གོང་ས་མཆོག་གི་ཧིན་སྐད་གསུང་སྒྱུར་བའི་ཞབས་ཞུ་སྒྲུབ་མུས་ཡིན།
Kalash is Indian. He is currently studying for the Rime Lobon and is the official Hindi translator of His Holiness The 14th Dalai Lama.

༤༤༽ བཙུན་མ་བསྟན་འཛིན་སྒྲོལ་དཀར་ལགས་ནི་སི་པན་ནས་ཡིན་ཞིང། རིགས་ལམ་སློབ་གཉེར་ཁང་དུ་དབུ་མ་འཛིན་གྲྭར་ཟུར་སྦྱོང་གི་ཐོག་ནས་སློབ་གཉེར་གནང་བཞིན་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སི་པན་གྱི་གསུང་སྒྱུར་ཞུ་མུས་ཡིན།
Ven. Tenzin Dolkar is from Spain. Currently she is studying Madhyamika as a casual student and is the Spanish translator of His Holiness The 14th Dalai Lama.

གསལ་བཤད། གོང་དུ་རིགས་ལམ་སློབ་གཉེར་ཁང་གི་སློབ་ཟུར་རིས་མེད་བླ་སྤྲུལ་དང་སྤྱི་ཚོགས་ནང་མཛད་རྗེས་གཟེངས་སུ་ཐོན་པ་དུ་མ་བྱུང་ཡོད་ཀྱང་ཁོང་རྣམས་ཀྱི་སྐུ་པར་གང་རྙེད་ཙམ་འདིར་དཔེ་མཚོན་ཙམ་དུ་བཀོད་པ་ལས་ཚང་མའི་སྐུ་པར་དང་མཛད་རྗེས་སྙིང་བསྡུས་ལག་སོན་མ་བྱུང་ཡང་རྗེས་སུ་ལག་སོན་བྱུང་ཚེ་མུ་མཐུད་འགོད་ཆར་ལགས་པས་དེ་དོན་དགོངས་མངའ་ཡོད་པར་ཞུ།